ན་ནིང་ནས་བཟུང་། དཀར་མཛེས་ཁུལ་ཨུའི་སློབ་གསོ་ལས་དོན་ཨུ་ལྷན་དང་ཁུལ་སློབ་གསོ་ལུས་རྩལ་ཅུས་ཀྱིས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོའི་དམིགས་ཚད་ཡག་པོ་གཉེར་རྒྱུར་དམ་པོར་དམིགས་ནས། དུས་རབས་གསར་པའི་སློབ་གསོ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་མགྱོགས་སུ་གཏང་རྒྱུ་གཙོ་གནད་དུ་བཟུང་ནས། ལས་གཞིའི་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། སློབ་གྲྭའི་བཀོད་པ་ལེགས་སུ་གཏོང་བ། ཞན་ཆ་གསབ་པའི་རོགས་སྐྱོར་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་སློབ་གསོའི་ལས་གཞི་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་དང་མྱུར་ཚད་ཇེ་མགྱོགས་སུ་བཏང་བ་རེད།། (བདེ་སྐྱིད་ཀྱིས་བསྒྱུར།)
