国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འབྲི་ཆུ།

ཁྱེད་རང་བཞུར་གྱིན་བཞུར་གྱིན།

ཁ་དོག་ཀྱང་གཞན་ཞིག་ཏུ་གྱུར།

གཏིང་མི་དཔོག་པ་ག་ཚོད།

ཁྱེད་ཀྱི་བརྗིད་ཉམས་སུ་ཤར།

དང་ཐོག་ནས་ཁྱེད་དང་འཕྲད་པ་ཡང་།

མཐའ་མ་ཡང་ཁྱེད་རང་དང་གྱེས་དགོས།

ཆུ་ཕྲན་སྟོང་ཕྲག་གིས་དོ་ཟླ་མེད་ཅིང་།

ཆུ་བོ་བརྒྱ་ཕྲག་གིས་ཀྱང་ཁྱེད་ལ་འགྲན་མི་ཕོད།

དེ་རིང་གི་མཐོང་སྣང་ཁྲོད་ཀྱི་ཁྱེད་དེ།

སྔར་ལས་ངམ་བརྗིད་ཀྱིས་ཕྱུག་འདུག།

༼ ཁམས་འོད་གསལ། ༽