国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རོང་བྲག་རྫོང་དུ་ལི་མེ་ཏོག་བཞད་པའི་འཁྱུག་དབྱིངས་བརྙན་ཐུང་ འགྲན་སྡུར་ཆེན་པོ་སྤེལ་འགོ་བཙུགས།

སྤྱི་ཟླ3པའི་ཚེས1ཉིན། སྨྱུག་འཛིན་པས་རོང་བྲག་རྫོང་ཨུའི་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རོང་བྲག་རྫོང་དུ་ལི་མེ་ཏོག་བཞད་པའི་འཁྱུག་དབྱིངས་བརྙན་ཐུང་འགྲན་སྡུར་ཆེན་པོ་དངོས་སུ་སྤེལ་འགོ་བཙུགས་པ་རེད། ད་ཐེངས་ཀྱི་འགྲན་སྡུར་ཆེན་པོ་ནི་སྤྱི་ཚོགས་ཡོངས་སུ་ཁ་ཕྱོགས་ནས་རོང་བྲག་རྫོང་གི་དཔྱིད་ཀྱི་མེ་ཏོག་མཛེས་ལྗོངས་དང་མེ་ཏོག་ལ་ལྟ་བ།དམངས་སྲོལ་མྱོང་རོལ་སོགས་ཀྱི་གསར་གཏོད་བརྙན་ཐུང་ཡོངས་བསྒྲགས་བྱས་པར་མ་ཟད། མི་གཡང་བྱ་དགའ་ཡག་ཤོས3དང་མི་སྒེར་གྱི་བྱ་དགའ3བཅས་ཡོད་ལ།བྱ་དགའ་མཐོ་ཤོས་ལ་སྒོར་ཁྲི1བཅས་སྤྲད་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་སྡུར་དུས་ཚོད་ནི་སྤྱི་ཟླ3པའི་ཚེས1ཉིན་ནས་ཚེས31ཉིན་བར་ཡིན་ཞིང་། འགྲན་སྡུར་བརྩམས་ཆོས་ནི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སྡུད་བཞིན་ཡོད། འགྲན་སྡུར་ནང་ཞུགས་མཁན་གྱིས་འཁྱུག་དབྱིངས་སྤྱི་སྟེགས་ཐོག་ནས་གཙོ་དོན་འབྲེལ་ཡོད་ཀྱི་ཐོག་མའི་གསར་རྩོམ་བརྙན་ཐུང་ཁྱབ་བསྒྲགས་བྱས་ཏེ།རོང་བྲག་རྫོང་དུ་ལི་མེ་ཏོག་བཞད་པའི་གཞུང་ཕྱོགས་འཁྱུག་དབྱིངས་བརྗོད་གཞི་བསྣན་པ་རེད།

ད་རེས་ཀྱི་འགྲན་སྡུར་ཆེན་མོའི་མི་གཡང་བྱ་དགའ་ཡག་ཤོས་ལ་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་བཀོད་སྒྲིག་བྱས་ཤིང་། བྱ་དགའ་མ་དངུལ་སྒོར10000དང་སྒོར8000དང་།སྒོར5000བཅས་སྤྲད་རྒྱུ་ཡིན་ལ།གཞན་ཡང་མི་སྒེར་གྱི་བྱ་དགའ་གསུམ་ནི་གསར་གཏོད་བྱ་དགའ་ཡག་ཤོས་དང་སྒྲུང་གཏམ་བྱ་དགའ་ཡག་ཤོས།དྲས་སྒྲིག་བྱ་དགའ་ཡག་ཤོས་བཅས་ཡིན་ལ་བྱ་དགའ་སྒོར5000ཡོད་པ་རེད།འགྲན་སྡུར་མཇུག་འགྲིལ་རྗེས་རོང་བྲག་འཁྱུག་དབྱིངས་དང་རོང་བྲག་དྲིལ་བསྒྲགས་འཕྲིན་ཕྲན་བརྒྱུད་ནས་བྱ་དགའ་ཐོབ་པའི་མིང་ཐོ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད།

རོང་བྲག་གི་ལི་མེ་ཏོག་བཞད་པའི་དུས་ཡུན་ནི་ཉིན30ཡིན་ལ། མེ་ཏོག་ལ་ལྟ་བའི་དུས་ཚོད་ཆེས་ལེགས་ཤོས་ནི་སྤྱི་ཟླ3པའི་ཟླ་དཀྱིལ་ནས་སྤྱི་ཟླ4པའི་ཟླ་དཀྱིལ་བར་ཡིན། ( བདེ་ཆེན་གྱིས་བསྒྱུར།)