ཉེ་ཆར། ཞིང་ཆེན་ལྷད་མེད་བཟའ་བཅའ་འཕེལ་རྒྱས་ལྟེ་གནས་ཀྱིས《2023ལོའི་སི་ཁྲོན་ཞིང་ཆེན་གྱི་ལྷད་མེད་བཟའ་བཅའ(ཞིང་ལས་ཐོན་རྫས་ལྷད་མེད་སྤུས་ལེགས)
ལས་དོན་གནས་ཚུལ་གྱི་བརྡ་ཁྱབ》པར་འགྲེམས་བྱས་ཤིང་། དཀར་མཛེས་ཁུལ་དང་དར་མདོ་གྲོང་ཁྱེར་ལ་ཞིང་ལས་ཐོན་རྫས་སྤུས་ལེགས་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པའི་སྡེ་ཚན་གྱི་མིང་རྟགས་ཐོབ་པ་དང་། དཀར་མཛེས་ཁུལ་དང་བརྒྱད་ཟིལ་རྫོང་། སེར་ཤུལ་རྫོང་། སྡེ་རོང་རྫོང་བཅས་ལ་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་དྲན་འཚོལ་མིང་བྱང་བསྡུ་ལེན་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པའི་སྡེ་ཚན་དང་། དར་མདོ་གྲོང་ཁྱེར་དང་བྲག་མགོ་རྫོང་ལ་ཞིང་ཆེན་ཡོངས་ཀྱི་ལྷད་མེད་སྐྱེ་ལྡན་ས་རྟགས་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པའི་སྡེ་ཚན།ཉག་རོང་རྫོང་དང་ཕྱག་ཕྲེང་རྫོང་། སྡེ་རོང་རྫོང་བཅས་ལ་སྤུས་རྟགས་སྐྱེད་སྲིང་ལས་ཀར་ཕན་འབྲས་མངོན་གསལ་དོད་པའི་སྡེ་ཚན་བཅས་ཀྱི་མིང་རྟགས་ཐོབ་པ་རེད།།
(བདེ་སྐྱིད་ཀྱིས་བསྒྱུར།)
