༄༅།།གསར་འགོད་པས་དཀར་མཛེས་ཁུལ་དམངས་གཉེར་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་མཐུན་པའི་དམངས་གཉེར་ཁེ་ལས་ཀྱི་གློག་ཚད་ཉར་འཇོག་གི་དགོས་མཁོ་ཆེ་རུ་འགྲོ་བར་རྒྱབ་སྐྱོར་བྱ་ཆེད། དམངས་གཉེར་ཁྲོམ་རས་གློག་སྤྱོད་པ་དང་གཉེར་སྐྱོང་མ་གནས་དམའ་རུ་གཏང་ཆེད། རང་ཁུལ་གྱིས2023ལོའི་ལོ་འཁོར་གྱི་གློག་ཚད་ཉར་ཚགས་བེད་སྤྱད་མེད་པའི་དམངས་གཉེར་ཁྲོམ་རར་གློག་སྤྱོད་ཁ་གསབ་སྤྲད་པ་རེད།
༄༅།། གསར་འགོད་པས་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་དྲྭ་ཚུགས་གཙོ་བོ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 《དཀར་མཛེས་ཁུལ2023ལོའི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་གྱི་ལོ་འཁོར་སྙན་སེང》ཡོངས་བསྒྲགས་བྱས་ཤིང་། སྙན་སེང་ལ་རྫོང(གྲོང་ཁྱེར)18ཀྱི་སྲིད་གཞུང་གི་གྲུབ་ཆའི་སྡེ་ཚན32ཀྱི2023ལོའི་ཟླ་བ་དང་པོའི་ཚེས1ནས་ཟླ་བ12པའི་ཚེས31ཉིན་བར་གྱི་ཁྱབ་ཁོངས་ནང་གི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་གྱི་གནས་ཚུལ་ཕྱོགས་བསྡུས་བྱས་པ་རེད།
