国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཕྱག་ཕྲེང་རྫོང་གིས་ཤུགས་ཡོད་རྒུས་དཔྱིད་རྨོད་གྲ་སྒྲིག་གི་ལས་ དོན་བསྒྲུབས།

ད་སྔར་དཔྱིད་རྨོད་གྲ་སྒྲིག་གི་དུས་སུ་སླེབས་ཡོད་པས་ཕྱག་ཕྲེང་རྫོང་གིས་གོ་སྐབས་བཟང་པོར་བསྟུན་ཏེ་དཔྱིད་རྨོད་གྲ་སྒྲིག་ཐད་སྔ་ཙམ་བཀོད་སྒྲིག་དང་དོན་འཁྱོལ་ཡོང་བ་བྱས་ནས་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་ཉེན་མེད་ཡོང་བར་འགན་ལེན་བྱས་ཡོད།

དངོས་རྫས་མཁོ་སྤྲོད་བྱེད་པར་འགན་སྲུང་བྱས། ས་བོན་དང་རྫས་ལུད།ཞིང་སྨན་བཅས་ཀྱི་གྲབས་གསོག་ལས་དོན་ཡག་པོ་བསྒྲུབས་ནས་རིགས་ཁག་གི་ས་བོན་ཏུན3དང་། རྫས་འགྱུར་ལུད་ཏུན189དང་། ཞིང་སྤྱོད་འགྱིག་ཤོག་ཏུན11དང་། ཞིང་སྨན་ཏུན3དང་། ཞིང་འཕྲུལ20བཅས་བསགས་པ་དང་། ཞིང་འཕྲུལ་སྣ་ཚོགས་ཀྱི་དངོས་ཟོག་གྲ་སྒྲིག་འདང་ངེས་བྱས་ནས་ཤུགས་ཡོད་རྒུས་དཔྱིད་རྨོད་ཀྱི་ཞིང་ལས་རྒྱུ་ཆས་མཁོ་འདོན་བྱས་ཡོད།

ལག་རྩལ་ཐད་ཁྲིད་སྟོན་བྱས། ཞིང་ལས་ཚན་རྩལ་གསོ་སྦྱོང་ཁྱབ་གདལ་བཏང་ནས་འབྲུ་རིགས་སྐྱེ་དངོས་ལག་རྩལ་ཚོགས་པ6བཙུགས་ཏེ་དངོས་སྤྱོད་ལག་རྩལ་གསོ་སྦྱོང་དང་མཛུབ་ཁྲིད་ཐེངས30བྱས་པ་དང་། ཞིང་ལས་ལག་རྩལ་མི་སྣ80ལྷག་བསྡུས་ནས་ཞིང་ཆུ་འདྲེན་པ་དང་། ལུད་རྒྱག་པ། ནད་འབུའི་གནོད་འཚེ་འགོག་བཅོས་སོགས་ཀྱི་གནད་དོན་ལ་དམིགས་ནས་མཛུབ་ཁྲིད་བྱས་ཡོད། ད་སྔའི་བར་དཔྱིད་སྨིན་སྐྱེ་དངོས་ཀྱིས་ས་རྒྱུར་དཔགས་ནས་རྫས་ལུད་རྒྱག་པའི་ལག་རྩལ་ཁྱབ་གདལ་བཏང་སྟེ་མུའུ་ཁྲི0.67ལ་ཟིན་པ་དང་སྐྱེ་ལྡན་ལུད་ཁྱབ་གདལ་བཏང་ཚད་མུའུ་ཁྲི0.97ལ་ཟིན་ཡོད།

གནོད་འཚེ་སྔོན་འགོག་ཐད་གྲ་སྒྲིག་གང་ལེགས་བྱས། དུས་ཐོག་ཏུ་གནམ་གཤིས་ཀྱི་འཕེལ་ཕྱོགས་ལ་ལྟ་ཞིབ་ཚད་ལེན་བྱས་ནས་ས་ཆ་དེ་རང་དུ་ས་རྒྱུའི་བཞའ་ཚད་དང་ཞིང་ལས་སྐྱེ་དངོས་ཀྱི་སྐྱེ་ཚུལ་ལ་ལྟ་ཞིབ་ནན་པོ་བྱས་པ་དང་།ཐབས་ལམ་མང་པོར་བརྟེན་ནས་མཛུབ་ཁྲིད་བསམ་འཆར་ཁག13བསྒྲགས་ཏེ་ཡུལ་དངོས་སུ་ཞིང་པར་ས་སྣོན་དང་ས་སོབ་སོགས་བྱ་ཐབས་ཞིབ་ཕྲ་དོན་ལ་འཁྱོལ་པར་མཛུབ་ཁྲིད་བྱས་པ་རེད།།

( ཀུན་དགས་བསྒྱུར།)