国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འོ་སེ་ཇ་ཡི་ཡོང་འབབ་བཟང་།། ཞིང་འབྲོག་མི་དམངས་ཕྱུག་པོར་ཆགས།།

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧྲེན་པོ་ཧན་གྱིས་པར་བླངས།

གངས་ལྗོངས་འོ་སེ་ནི་སི་ཁྲོན་གྱི་ནུབ་རྒྱུད་དང་ཀན་སུའུ་ཡི་ཤར་ལྷོ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོ་རྒྱུད་སོགས་མཐོ་སྒང་ས་ཁུལ་དུ་སྐྱེས་ཤིང་།ས་ཁོངས་ཀྱི་གནམ་གཤིས་སྙོམས་སྒྲིག་དང་རླུང་འགོག་བྱེ་འཇགས་སོགས་ཀྱི་ནུས་པ་ལྡན།རྟའུ་རྫོང་གི་ཡུལ་མི་ཚོས་འོ་སེ་ཞེས་འབོད་ཀྱི་ཡོད། འོ་སེ་ཇ་ལ་རོལ་མྱོང་གི་རིན་ཐང་དང་སྐྱེ་ཁམས་ཀྱི་རིན་ཐང་། སྨན་དང་ཟས་གཉིས་ཀྱི་རིན་ཐང་ལྡན་པ་དང་། གངས་ལྗོངས་མཐོ་སྒང་དུ་སྐྱེས་པའི་འོ་སེ་ཤིང་གི་ལོ་མ་དང་མྱུ་གུ་དེས་སྲོལ་རྒྱུན་དང་དེང་རབས་ཀྱི་བཟོ་རྩལ་མཉམ་དུ་སྦྲེལ་ནས་སྤུས་དག་བཟོ་བའི་ཇ་ཚབ་བྱེད་དུ་བཏུང་བྱའི་ཐོན་རྫས་ཤིག་ཡིན་པས། ཁྲག་ཚིལ་དང་ཁྲག་མངར། ཁྲག་ཤེད་མར་ཆག་ཐུབ་པའི་ཕན་ནུས་ཡོད།

ཉེ་བའི་ལོ་ཤས་རིང་ཁྲོམ་རའི་དགོས་མཁོ་ཆེ་རུ་འགྲོ་བ་དང་ཆབས་ཅིག། རྟའུ་རྫོང་གིས་འོ་སེའི་སྡོང་ཕྲུག་འཛུགས་རྒྱུའི་འཆར་གཞི་བཞག་ནས་ཐོན་ལས་འབྲེལ་ཐག་གི་ཁེ་ལས་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་གི་ཡོད། གྲོང་སྡེར་ཐུན་མོང་གི་ཁེ་སྤོགས་བགོ་བ་དང་ས་གནས་དེ་གའི་གྲོང་སྡེའི་ངལ་ནུས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ།ཞིང་དུད་ནས་ཞིང་ལས་ཐོན་རྫས་ཉོ་སྒྲུབ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་རྫོང་དེའི་ཡུལ་ཤོག་དང་གྲོང་རྡལ6གི་དུད་ཚང2000ལྷག་ལ་ཡོང་འབབ་ཐོབ་པར་སྐུལ་ཁྲིད་བྱས་ནས་ས་གནས་དེ་གའི་ཡུལ་སྡེ་དར་རྒྱས་གཏོང་རོགས་བྱས་པ་རེད། ( བདེ་ཆེན་གྱིས་བསྒྱུར།)