国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ ཁྱབ་ཁང་གཞུང་དོན་ཐིང་གིས།

སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལ་ཤུགས་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་བཏོན་པ།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ3ཚེས17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལ་ཤུགས་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་བཏོན་པ་རེད།

《བསམ་འཆར》ནང་བསྟན་དོན། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་བྱེད་པ་ནི། སྐྱེ་ཁམས་ཀྱི་ནུས་པ་འགན་ལེན་དང་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ནས་ས་ཁོངས་དབྱེ་བ་དང་། ཧེ་བག་ཅན། དོ་དམ་ཚོད་འཛིན་གནད་སྨིན་བཅས་ལག་བསྟར་བྱེད་པའི་ཁོར་ཡུག་དོ་དམ་གྱི་ལམ་ལུགས་ཤིག་རེད་ལ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལག་བསྟར་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་ཀྱི་བྱེད་ཐབས་བཅས་བརྟན་པོར་སྲུང་བ་དང་། གསར་སྤེལ་དང་། སྲུང་སྐྱོང་། འཛུགས་སྐྲུན་བཅས་ཀྱི་བྱེད་སྒོ་སྣ་ཚོགས་ལ་ཚན་རིག་དང་མཐུན་པའི་མཛུབ་ཁྲིད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་སྐྲུན་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

( པར་ངོས་གཉིས་པརགཟིགས།)