国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མེ་གསོད་ཀྱི་དཀའ་ཚེགས་ཆེ་ཡང་།།རྒྱབ་ཕྱོགས་ཀྱི་ཞབས་ཞུ་བཟང་།།

ཉག་ཆུ་རྫོང་གི་ནགས་ཚལ་མེ་སྐྱོན་བྱུང་རྗེས་ཀྱི་རྒྱབ་ཕྱོགས་འགན་ལེན་དང་བཀོད་སྒྲིག་ལས་ཀའི་མཐོང་ཐོས།

ཉག་ཆུ་ཁའི“3·15”ནགས་ཚལ་ལ་མེ་སྐྱོན་བྱུང་རྗེས་འཐབ་ཕྱོགས་དང་པོར་མེ་གསོད་མི་སྣ་དང་གནས་སྐབས་བར་བརྒལ་བཀོད་སྒྲིག་བྱེད་མཁན་མང་ཚོགས་ལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་འདང་ངེས་ཡོང་ཆེད། ཁུལ་དང་རྫོང་གིས་ཕྱོགས་ཁག་གི་སྟོབས་ཤུགས་བསྡུ་རུབ་བྱས་ནས་ཞབས་ཞུ་མཁོ་སྤྲོད་ཁག་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་རེད།

སྤྱི་ཟླ3པའི་ཚེས18ཉིན་གསར་འགོད་པ་སྔ་རྗེས་སུ་མགར་ར་གྲོང་རྡལ་གྱི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ས་ཚུགས་དང་། ཉག་ཆུ་རྫོང་གྲོང་ཁུལ་ཆ་ཚང་སློབ་ཆུང་དང་པོ། མཁར་རིང་པོའི་ཡུལ་ཤོག་སོགས་སུ་བཅར་འདྲིར་བསྐྱོད་པ་ཡིན།

མེ་སྐྱོན་གྱི་ཆག་སྒོ་བྱུང་ཚེ།། རོགས་སྐྱོར་གྱི་འགན་ལེན་ཡག་པོ།།

ཉིན་དེའི་སྔ་དྲོའི་ཆུ་ཚོད11ཙམ་ལ་གསར་འགོད་པ་མགར་ར་སློབ་འབྲིང་གི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ས་ཚུགས་སུ་འབྱོར། ཉག་ཆུ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་འགུལ་ངང་གྲུབ་པའི་དང་བླངས་རུ་ཁག་གིས་ཟ་མ་དང་། དངོས་ཟོག་སོགས་རླངས་འཁོར་དུ་འཇུག་བཞིན་ཡོད་པ་རེད།

ཉག་ཆུ་རྫོང་མགར་ར་སློབ་འབྲིང་གི་ཟ་ཁང་འགན་འཁུར་བ་ཝང་ཁྲང་ཁྲུན་གྱིས“ང་ཚོས་ད་ཆ་ཕོར་ཟས་ཀྱི་ཚད་གཞི་ནི་དམར་ཟས་གཉིས་དང་དཀར་ཟས་གཅིག་ཡིན་ཞིང་། ད་སྔར་ཕོར་ཟས1200གཏན་ཁེལ་བྱས་མོད། འོན་ཀྱང་ཟ་མ་མངགས་ཐོ་ལྟར་ཕོར་ཟས་ཀྱི་གྲངས་འབོར་མང་དུ་བཏང་ནས་གང་དུ་མཁོ་ན་དེ་རུ་སྐྱེལ་ཐུབ་པར་བྱེད་བཞིན་ཡོད་ལ། ཟ་མའི་རྒྱུ་ཆ་ཚང་མ་རྫོང་ནས་མཁོ་འདོན་བྱེད་ཀྱི་ཡོད”ཅེས་བཤད། ཁོས་ང་ཚོ་ཚང་མས་སེམས་ནུས་གཅིག་སྒྲིལ་བྱས་ནས་འཐབ་ས་དང་པོའི་མི་རྣམས་ལྟོ་བ་རྒྱགས་པ་དང་ཟ་མ་ཞིམ་པོ་ཡོང་ཆེད་ཡིན་ཟེར།

“མགྱོགས་པོ་བྱོས། ཚང་མ་མགྱོགས་ཙམ་བྱས་ནས་མེ་གསོད་རུ་མི་ཚོར་སྔ་ཙམ་ནས་ཟ་མ་བཟའ་རྒྱུ་ཡོད་དུ་འཇུག་དགོས”ཞེས་ད་ཐེངས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ལས་དོན་ནང་ཞུགས་མཁན་ཉག་ཆུ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཡུས་ལན་གྱིས་བཤད། ཟ་མ་ལ་ཞིབ་བཤེར་བྱས་ནས་དང་བླངས་པ་ཚོ་དང་མཉམ་དུ་ཕོར་ཟས1000ལྷག་ཙམ་མགར་ར་གྲོང་རྡལ་གྱི་མེ་གསོད་ས་ཚུགས་ཁག་ཏུ་བསྐྱལ་རྗེས་ཁོས་སླར་ཡང་ཕྱིན་ཆད་ལས་དོན་ནང་ཞུགས་ཏེ་འཐབ་ས་དང་པོའི་མེ་གསོད་རུ་མི་ཚོར་ཉལ་ཁྲི་བཏིང་ནས“ང་ཚོས་ངེས་པར་དུ་འགན་ལེན་ཡག་པོ་བྱས་ནས་མེ་གསོད་རུ་མི་ཚོའི་རྒྱབ་ཕྱོགས་ཀྱི་ཞབས་ཞུ་ལེགས་པོ་བསྒྲུབ་དགོས”ཞེས་བཤད།

( པར་ངོས་གཉིས་པར་གཟིགས།)