国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས་ཤུགས་ཡོད་རྒུས་གནག་ཕྱུགས་ཐོན་ལས་འདུས་ ཚོགས་འཕེལ་རྒྱས་ལ་བསྐུལ།

ད་སྔའི་བར་གནག་ཕྱུགས་འདུས་ཚོགས་ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར64.42ལ་ཟིན།

གསར་འགོད་པས་ཁུལ་ཞིང་འབྲོག་ཞིང་ལས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་གནག་ཕྱུགས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་རྒྱུད་བཟང་དང་གཟན་རྩྭ། གསོ་སྤེལ། ལས་སྣོན། སྤུས་རྟགས། ཚན་རྩལ་འདེགས་སྐྱོར་སོགས་ཀྱི་གཙོ་གནད་ལ་དམིགས་ནས། གནག་ཕྱུགས་འདུས་ཚོགས་ཀྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོ་གསར་སྤེལ་བྱ་རྒྱུར་ཤུགས་ཡོད་རྒུས་བསྐུལ་བ་རེད། ད་སྔའི་བར། འདུས་ཚོགས་རྫོང(གྲོང་ཁྱེར)གིས་ལས་གཞི56འཆར་འགོད་ལག་བསྟར་བྱས་པ་དང་། ལས་གཞི43ལ་མ་དངུལ་སྒོར་དུང་ཕྱུར7.10བཏང་ནས་ལེགས་གྲུབ་བྱུང་ཡོད། འདུས་ཚོགས་ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར64.42ལ་ཟིན་པ་དང་།ལག་ལེན་མ་བསྟར་གོང་དང་བསྡུར་ན་འཕར་ཚད་བརྒྱ་ཆ25.18ཟིན་ཡོད་ཅིང་། འགན་སྲུང་གི་རྨང་གཞི་ཇེ་བརྟན་དུ་བཏང་བ་དང་།བྱ་ཐབས་མང་པོར་ཤུགས་བརྒྱབ་ནས་ཆུ་ཚད་མཐོ་རུ་བཏང་བ། ཁྱབ་འགྱེད་ཀྱིས་འབབ་འཕར་ལ་སྐུལ་འདེད་བཏང་བ་བཅས་བྱས་སོ།།

( བདེ་སྐྱིད་ཀྱིས་བསྒྱུར།)