国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཉེ་ཆར། བརྒྱད་ཟིལ་རྫོང་དཀར་ཆུས་གྲོང་རྡལ་ཧ་ཁྱུང་གྲོང་སྡེས་ཞོག་ཁོག་མུའུ310རྨོ་འདེབས་བྱས་ཤིང་། གྲོང་མི་ཚོས་ཆུ་ཡུར་གཙང་སེལ་དང་ས་ཞིང་ཁོད་སྙོམས། ལུད་རྒྱག་པ་སོགས་ཀྱི་ལས་ལ་བྲེལ་ནས་གང་སར་ཞིང་ལས་ཀྱི་ཚ་རླབས་དགུང་ལ་འཕྱུར་བཞིན་མཆིས། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་གྲོང་སྡེ་འདིར་བཏབ་པའི་ཞོག་ཁོག་ཟླ་བ7པའི་ཟླ་སྨད་ནས་ཁྲོམ་རར་འདོན་རྒྱུ་དང་། ཚོད་རྩིས་བྱས་ན་ཐོན་ཚད་བསྡོམས་འབོར་རྒྱ་མ་ཁྲི46ལྷག་དང་། ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི50ཙམ་ཡོད་པ་རེད།འདི་ནི་དཀར་ཆུས་གྲོང་རྡལ་གྱིས་ཞིང་ལས་ལག་རྩལ་མི་སྣ་བཀོད་སྒྲིག་བྱས་ནས་གྲོང་མིར་ཚན་རིག་དང་མཐུན་པར་ཞོག་ཁོག་འདེབས་བཞིན་པའི་ཚུལ་རེད།