国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)

“ཁྱེད་ཚོ་དཀའ་ལས་ཁག་སོང་། རྐང་ཐང་གིས་ལམ་ཐག་རིང་པོ་དེ་འདྲ་བརྒལ་ནས་ང་ཚོར་ཟ་མ་དྲོན་པོ་འདི་འདྲ་བསྐྱལ་བྱུང”ཞེས་བཤད།

“ཁྱེད་ཚོ་དཀའ་ཚེགས་དེ་བས་ཆེ་བ་དང་ཉིན་མཚན་ཀུན་ཏུ་མེ་གསོད་རྒྱུ་དེ་ནི་ང་ཚོའི་བདེ་འཇགས་སྲུང་བའི་ཆེད་དུ་རེད”ཅེས་བཤད།

སེམས་བསམ་པའི་སྟེང་ནས་ཕན་ཚུན་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཕྱོགས་གཉིས་པའི་སྟོབས་ཤུགས་གཅིག་ཏུ་འགྲིལ་ཡོད།

རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ཚོགས་ཆུང་གི་ལས་དོན་རྒྱུན་མཐུད་ངང་སྤེལ་ཞིང་། ཉག་ཆུ་རྫོང་གི་སྤྱི་ཚོགས་སྟོབས་ཤུགས་ཀྱང་དེའི་ནང་ཧུར་ཐག་ཞུགས་ཡོད་པ་རེད། ཉག་ཆུ་ཁའི་ཡའེ་ཁྲེང་མགྲོན་ཁང་གིས་རིན་མེད་ངང་ཆུ་དང་། སྨན་རྫས། གསོ་རླུང་སོགས་དངོས་རྫས་ཡོད་པའི་དམངས་ཕན་ཞབས་ཞུའི་ས་ཚུགས་བཙུགས་ནས“དུས་ངལ་ཁྱད་བསད་དང་ནུས་ཤུགས་ཡོད་རྒུས་མེ་བསད་ལས་ཀར་ཞབས་འདེགས་ཞུ”ཞེས་པའི་འཕྲེད་བྱང་བཀལ་ནས་མི་རྣམས་ལ་དྲོ་སྐྱིད་སྦྱིན་ཡོད། མེ་སྐྱོན་བྱུང་རྗེས་མགྲོན་ཁང་དེས་གནས་སྐབས་ལས་གཉེར་བྱེད་མཚམས་བཞག་ནས་ཤུགས་ཡོད་རྒུས་མེ་གསོད་ལས་དོན་ལ་ཞབས་འདེགས་ཞུས་པ་རེད།

ཡའེ་ཁྲེང་མགྲོན་ཁང་གི་ལག་བསྟར་རྐང་དོན་པ་ཁྲེན་ཞའོ་ཕིང་གིས“ཉག་ཆུ་ཁ་ནི་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་ཡིན་པས་ཚང་མས་ལག་གདང་སྦྲེལ་ནས་ཁྱིམ་གཞིས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་དགོས”ཞེས་བཤད་པ་རེད།

གནས་སྐབས་ཀྱི་ཁྱིམ་ཚང་ཆགས་ཚེ།། དྲོད་སྐྱིད་ཀྱི་བརྩེ་བ་ཟབ་མོ།།

“ཁྱེད་ཚོར་མི་ག་ཚོད་ཡོད་དམ། མ་འདང་ན་ཕ་གིར་ད་དུང་ཡོད། ལྟོ་བ་འགྲང་རྗེས་ཤིང་ཏོག་བཟའ་རོགས”

ཞེས་བཤད། ཚེས18ཉིན་གྱི་ཉིན་གུང་ཉག་ཆུ་རྫོང་གྲོང་ཁུལ་ཆ་ཚང་སློབ་ཆུང་དང་པོའི་བཀོད་སྒྲིག་བྱ་ཡུལ་དུ་ལས་དོན་མི་སྣས་གོ་རིམ་ལྡན་པའི་ངང་གྲོང་མི་ཚོར་ཟ་མ་སྤྲད་བཞིན་ཡོད་པ་རེད།

“3·15”ཡི་ཉག་ཆུ་ཁའི་ནགས་ཚལ་ལ་མེ་སྐྱོན་བྱུང་རྗེས་མཁར་རིང་པོའི་ཡུལ་ཤོག་དང་། མགར་ར་གྲོང་རྡལ། ཆུ་ཁ་གྲོང་བརྡལ་བཅས་ཀྱི་གྲོང་མི་ཚོ་སྔ་རྗེས་སུ་ཉག་ཆུ་རྫོང་ཆ་ཚང་སློབ་ཆུང་དང་པོའི་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོས་པ་རེད། འཚུབ་བསྟུན་གེགས་སེལ་གུར29ཕུབ་ནས་ཉལ་ཆས་དང་དྲོད་ལེན་སྒྲིག་ཆས་སོགས་དངོས་ཟོག་འགན་ལེན་ཐུབ་པ་དང་། གུར་གྱི་ཕྱི་རོལ་དུ་དུད་ཚང་ཚང་མ་སྡོད་པའི་གཞི་རྩའི་ཆ་འཕྲིན་བཀོད་ཡོད། “གནས་སྐབས་ཀྱི་ཁྱིམ”འདིའི་ནང་མང་ཚོགས་གནས་སྤོ་མཁན་ཚང་མ་ལ་ཟ་མ་དང་འདུག་ས་ཚང་མར་འགན་སྲུང་ནུས་ལྡན་བྱུང་ཡོད།

དེ་དང་ཆབས་ཅིག། ཉག་ཆུ་རྫོང་གིས་ད་དུང་བཀོད་སྒྲིག་བྱ་ཡུལ་དུ་སྨན་བཅོས་སྐྱོབ་བཅོས་དང་རིམས་འགོག་ས་ཚུགས་བཙུགས་ནས་གྲོང་མི་ཚོར་སྨན་རིན་མི་དགོས་པར་ནད་དཔྱད་ཞབས་ཞུ་མཁོ་འདོན་བྱས་པ་དང་། ཆམ་པའི་སྨན་དང་། ཁྲག་སྨན་སོགས་རྒྱུན་སྤྱོད་སྨན་རྫས་དང་ཁ་ཤུབས་དང་། དུག་སེལ་སྨན་སོགས་རིམས་འགོག་དངོས་རྫས་བཀོད་སྒྲིག་བྱས། ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལས་དོན་མི་སྣས་ད་དུང་དུས་བཀག་ལྟར་བཀོད་སྒྲིག་བྱ་ཡུལ་གྱི་ཁོར་ཡུག་དུག་སེལ་བྱེད་བཞིན་ཡོད་པ་རེད།།

( ཨོ་རྒྱན་གྱིས་བསྒྱུར།)