国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལ་ཤུགས་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་བཏོན་པ།

( པར་ངོས་དང་པོར་མཐུད།)

《བསམ་འཆར》ནང་བསྟན་དོན། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལ་ཤུགས་རྒྱག་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་བསྟར་གཏིང་ཟབ་དང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་བཀོད་སྒྲིག་དོན་འཁྱོལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ། ཐཱན་ཉུང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་བ་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། རང་བྱུང་གི་ཆོས་ཉིད་དང་ས་ཁོངས་ཀྱི་ཧེ་བག་ལ་བརྩི་འཇོག་གང་ལེགས། གཙོ་གཞིའི་བྱེད་ནུས་ཁུལ་གྱི་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར། རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་དང་སྤྱོད་པར་དོ་དམ་བྱེད་པའི་ལམ་ལུགས་དང་འབྲེལ་མཐུད་གང་ལེགས། ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤུས་ཀ་ལེགས་པའི་འཚོ་བ་གཏོད་པ་བཅས་བྱས་ཏེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་ཧུར་ཐག་བསྐྲུན་དགོས།

《བསམ་འཆར》ནང་བསྟན་དོན། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ་དང་། འབྱུང་རྩ་ནས་སྔོན་འགོག་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སྲུང་སྐྱོང་། གནད་སྨིན་དང་ཚན་རིག་དང་མཐུན་པ་དང་ཁྲིམས་ལྟར་དོ་དམ་དང་ཚོད་འཛིན། འགན་འཁྲི་ཁ་གསལ་དང་མཐུན་སྦྱོར་མཉམ་འགུལ་བཅས་བྱ་དགོས།

2025ལོར་སླེབས་སྐབས། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལམ་ལུགས་གཞི་རྩའི་ཆ་ནས་བཙུགས་ཏེ། ས་ཁོངས་ཡོངས་ལ་ཁྱབ་ཅིང་གནད་སྨིན་དང་ཚན་རིག་དང་མཐུན་པའི་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་མ་ལག་རགས་ཙམ་ཆགས་པར་བྱ་དགོས། 2035ལོར་སླེབས་སྐབས། མ་ལག་འཐུས་ཚང་དང་། ལམ་སྲོལ་ཤར་བགྲོད། འཁོར་སྐྱོད་ནུས་ཆེ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་ཏེ་སྐྱེ་ཁམས་ཁོར་ཡུག་རྩ་བའི་ཆ་ནས་ལེགས་སུ་འགྲོ་བ་དང་མཛེས་སྡུག་ལྡན་པའི་ཀྲུང་གོའི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་ཆེད་འདེགས་སྐྱོར་ནུས་ལྡན་བྱ་དགོས།

《བསམ་འཆར》ནང་བསྟན་དོན། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་གྱི་ཇུས་གཞི་བཟོ་བ་དང་གཙོ་གཞིའི་བྱེད་ནུས་ཁུལ་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས《རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་རྩ་གནད(2021ལོ་ནས་2035ལོ་བར)》ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་དགོས།

སྐྱེ་ཁམས་ཁོར་ཡུག་དོ་དམ་ཚོད་འཛིན་གྱི་ནང་དོན་གཏན་འཁེལ་བྱ་དགོས། སྐྱེ་ཁམས་ཁོར་ཡུག་གི་གྲུབ་ཆ་དང་། ནུས་པ། སྤུས་ཚད་སོགས་ས་ཁོངས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཁོར་ཡུག་ལ་གདེང་འཇོག་བྱས་ཏེ་རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ། སྐྱེ་ཁམས། སྒྲ། རྒྱ་མཚོ་སོགས་སྐྱེ་ཁམས་ཁོར་ཡུག་གི་རྒྱུ་རྐྱེན་ཁག་དོ་དམ་ཁུལ་དབྱེ་བའི་རྨང་གཞིའི་ཐོག“ཁུལ་གསུམ་ཐིག་གསུམ”འབྱེད་པའི་གྲུབ་འབྲས་དོན་འཁྱོལ་བྱ་དགོས།

སྐྱེ་ཁམས་ཁོར་ཡུག་གི་འཇུག་འཐུས་གསལ་ཐོ་བཟོ་དགོས། ཁྲོམ་རར་འཇུག་འཐུས་ཀྱི་བཀག་རྒྱ་གསལ་ཐོ་དོན་འཁྱོལ་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་ནུས་པའི་ངེས་གནས་དང་རྒྱལ་ཁབ་ས་ཆའི་བར་སྟོང་སྤྱོད་པར་དོ་དམ་བྱེད་པའི་ལམ་ལུགས་ཀྱི་བླང་བྱར་གཞིགས་པ་དང་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པར་དམིགས་ཏེ་ད་ཡོད་སྐྱེ་ཁམས་ཁོར་ཡུག་དོ་དམ་གྱི་གཏན་འབེབས་ཞིབ་ཚགས་གཅིག་སྡུད་དང་ཧེ་བག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་འཇུག་འཐུས་ཀྱི་གསལ་ཐོ་གནད་སྨིན་བཟོ་བ་བཅས་བྱས་ཏེ་སྦགས་བཙོག་དངོས་པོ་ཕྱིར་འབུད་དོ་དམ་ཚོད་འཛིན་དང་། ཁོར་ཡུག་གི་ཉེན་ཁ་འགོག་ཟོན། ཐོན་ཁུངས་དང་ནུས་རྒྱུ་སྤྱོད་པའི་ལས་ཕྱོད་ཆེ་རུ་གཏོང་བ་སོགས་ཀྱི་བླང་བྱ་འདོན་དགོས།

སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་རྒྱག་དགོས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་མ་ལག་དང་ལས་སྒོའི་མ་ལག་གཞན་དག་དབར་ཆ་འཕྲིན་མཉམ་སྤྱོད་དང་ལས་སྒོ་མཉམ་སྒྲུབ་ལ་སྐུལ་འདེད་གཏོང་བ་དང་། གྲངས་གཞི་དོ་དམ་དང་། ལེགས་སྒྲིག་གསར་བརྗེས། ལག་བསྟར་བེད་སྤྱོད། རྗེས་བསྙེགས་ཚོད་སྐོར། ལྟ་སྐུལ་དོ་དམ་བཅས་ཀྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏང་དགོས།

སྤྱི་འདོམས་ཐོག་དུས་བཀག་ལྟར་ལེགས་སྒྲིག་དང་འགུལ་རྣམ་གསར་བརྗེ་བྱ་དགོས། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ཇུས་གཞིའི་རྩ་དོན་ཐོག་བརྟན་པོ་ཡོང་བ་བྱས་ནས་ལོ་5རེར་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་ཚོད་སྐོར་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་དུས་བཀག་ལྟར་ལེགས་སྒྲིག་བྱ་དགོས།

《བསམ་འཆར》ནང་བསྟན་དོན། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་དགོས། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་བྱས་ཏེ་སྤྱི་ཡོངས་རང་བཞིན་གྱི་སྲུང་སྐྱོང་དང་མ་ལག་རང་བཞིན་གྱི་བཅོས་སྐྱོང་ལ་ཤུགས་རྒྱག་པ་དང་། ཐོན་སྐྱེད་ནུས་ཤུགས་ཀྱི་བཀོད་པ་གལ་ཆེན་བཟང་སྒྲིག་བྱེད་པར་འདེགས་སྐྱོར། རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་འགན་ལེན་བྱ་དགོས།

ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། རྒྱལ་ཁབ་ཀྱི་ནུས་རྒྱུ་ཟད་གྲོན་ཆེ་བ་དང་། བཙོག་འབུད་བྱེད་མང་བ། ཆུ་ཚད་དམའ་བ་བཅས་ཀྱི་རྣམ་གྲངས་དོ་དམ་གྱི་འབྲེལ་ཡོད་ལམ་ལུགས་དང་སྲིད་ཇུས་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ། གཙོ་གནད་ལས་རིགས་ཁོར་ཡུག་གི་ཤོང་ཚད་ཆེ་བ་དང་། ཁྲོམ་རའི་དགོས་མཁོ་ཆེ་བ། ཁྲོམ་རའི་འགན་སྲུང་གི་ཆ་རྐྱེན་ལེགས་པ་བཅས་ཀྱི་ས་ཁུལ་དུ་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་དང་གོ་རིམ་ལྡན་པའི་སྒོ་ནས་གཞན་སྒྱུར་བྱེད་པར་ཁྲིད་སྟོན་བྱ་དགོས།

ཕྱོགས་བསྡུས་ཐབས་ཇུས་ལ་འདེགས་སྐྱོར་བྱ་དགོས། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་གྱི་གྲུབ་འབྲས་སྤྱོད་པར་ཤུགས་བརྒྱབ་སྟེ་ས་གནས་ཏང་ཨུ་དང་སྲིད་གཞུང་ལ་ཐབས་ཇུས་འདེགས་སྐྱོར་མཁོ་འདོན་བྱ་དགོས། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ལག་བསྟར་གྱི་ཕན་འབྲས་ཚོད་སྐོར་དེ་ཁོར་ཡུག་གི་ཤུགས་རྐྱེན་ལེགས་སྒྲིག་དང་། གདེང་འཇོག། དོ་དམ་བཅས་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་དགོས།

《བསམ་འཆར》ནང་བསྟན་དོན། སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོང་བྱེད་ཐབས་ལག་བསྟར་བྱ་དགོས། སྐྱེ་ཁམས་བདེ་འཇགས་ཀྱི་རྣམ་པ་སྲུང་སྐྱོང་བྱེད་པ་དང་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ལ་དོ་དམ་ཚོད་འཛིན་བྱེད་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་གཙོ་གནད་དུ་བྱས་ནས་སྐྱེ་ཁམས་མ་ལག་གི་སྤུས་ཚད་ལེགས་སུ་གཏོང་བ་དང་སྐྱེ་ཁམས་མ་ལག་གི་བརྟན་པོའི་རང་བཞིན་དང་ཞབས་འདེགས་ནུས་པ་ཆེ་རུ་གཏང་དགོས།

ཁོར་ཡུག་སྤུས་ཚད་ལེགས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལག་བསྟར་བྱེད་པར་ཤུགས་སྣོན་བརྒྱབ་ནས་གནད་དོན་དབྱེ་འབྱེད་དང་། གནད་སྨིན་ཁུངས་འདེད། ཁུལ་དབྱེའི་སྲིད་ཇུས་ལག་བསྟར་བཅས་ཀྱི་ལས་ཀའི་རྣམ་པ་ཆགས་པར་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ། གྲུབ་ཆའི་རང་བཞིན་དང་ཁྱབ་པའི་རང་བཞིན་གྱི་ཁོར་ཡུག་གི་ཉེན་ཁ་འགོག་ཟོན་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་གཤོང་ཚད་མཁོ་འདོན་དང་བར་སྟོང་རྒྱ་ཆེར་གཏང་དགོས།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་རྒྱག་དགོས། འབྱུང་རྩ་ནས་སྔོན་འགོག་བྱེད་པའི་མ་ལག་ཁྲོད་ཀྱི་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་གྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་བཏོན་ནས་ཁྱབ་ཁོངས་ཡོངས་ལ་ཁྱབ་པ་དང་། སྡེ་ཚན་བསྒྲལ་ནས་མཐུན་སྦྱོར། རྒྱུ་རྐྱེན་གཙོ་བོ་མང་པོ་ཕྱོགས་བསྡུས་བཅས་ཀྱི་ཞིབ་ཚགས་ཅན་གྱི་དོ་དམ་མངོན་འགྱུར་བྱ་དགོས། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་དང་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་འབྲེལ་མཐུད་ལ་ཤུགས་རྒྱག་པ་དང་། ས་ཁོངས་མི་འདྲ་བ་གསར་སྤེལ་དང་། སྲུང་སྐྱོང་། འཛུགས་སྐྲུན་བཅས་ཀྱི་བྱེད་སྒོའི་ཁྱད་ཆོས་ལ་དམིགས་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་གཏོང་ལ་དམིགས་པ། སྡེ་ཚན་དབྱེ་བ་དང་ཧེ་བག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་དོ་དམ་ལག་བསྟར། སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་དོ་དམ་སྡེ་ཚན་དང་རང་བྱུང་ཐོན་ཁུངས་གཙོ་གཉེར་དོ་དམ་སྡེ་ཚན་གྱིས་དཔེ་སྟོན་ཁུལ་བདམས་ནས་ཚོད་ལྟ་བྱེད་པ་དང་། ཉམས་མྱོང་གསོག་པ། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་སྲིད་ཇུས་ཀྱི་མཉམ་ཤུགས་ཆགས་པར་བྱ་དགོས།

《བསམ་འཆར》ནང་བསྟན་དོན། འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་ལས་བགོས་གཞིར་བཟུང་འབྲེལ་ཡོད་ལྟ་འདོམས་ལས་སྟེགས་ལ་བརྟེན་ནས་གྲངས་གཞི་ཆེ་མོ་དང་། སྲུང་སྐར་རྒྱང་ཚོར། མི་མེད་གནམ་གྲུ་སོགས་ལག་རྩལ་བྱ་ཐབས་གང་ལེགས་སྤྱད་དེ་ལྟ་སྐུལ་ཚོད་འཛིན་བྱས་ནས་ཤེས་རྟོགས་བྱུང་བའི་མངོན་གསལ་དོད་པའི་གནད་དོན་དང་ཉེན་ཁའི་མངོན་མེད་རྐྱེན་ངན་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱེད་པ་དང་འབྲེལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་དགོས།

སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལག་བསྟར་བྱས་ཚུལ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་ཕན་འབྲས་དཔྱད་ཞིབ་སོགས་སུ་འཇོག་པ་དང་འབྲེལ་དཔྱད་ཞིབ་འབྲས་བུ་ས་གནས་ཀྱི་འགོ་ཁྲིད་ཚན་ཁག་དང་འབྲེལ་ཡོད་འགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་དང་བྱ་དགའ་ཆད་གཅོད་དང་གོ་གནས་བསྐོ་འཐེན་གྱི་དཔྱད་གཞི་གལ་ཆེན་ལ་བརྩི་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་དོ་དམ་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་རྗེས་བསྙེགས་ཤེས་རྟོགས་བྱེད་པ་དང་ལས་ཀའི་གྲུབ་འབྲས“རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་ཀྱི་རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་དཔྱད་གཞི་གལ་ཆེན་ལ་བརྩི་དགོས།

《བསམ་འཆར》ནང་བསྟན་དོན། རྩ་འཛུགས་འགོ་ཁྲིད་ལ་ཤུགས་རྒྱག་པ་དང་། སྡེ་ཚན་མཉམ་འགུལ་ལ་ཤུགས་རྒྱག་པ། ཁྲིམས་སྲོལ་གྱི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ། ནུས་པ་འཛུགས་སྐྱོང་ལ་ཤུགས་རྒྱག་པ། དྲིལ་བསྒྲགས་ཐད་ཁྲིད་སྟོན་ཧུར་ཐག་བཅས་བྱ་དགོས།

( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)