国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གངས་དཀར་རི་བོའི་ཤར་ལྷོ་ནུབ་བྱང་ཁུལ་གྱི་ཡུལ་སྐོར་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་བསྐུལ་དགོས།

རང་ཁུལ་གྱིས་ཤུགས་ཡོད་རྒུས་གངས་དཀར་རི་བོའི་རི་ཁུལ་གྱི་མི་རིག་ཡུལ་སྐོར་སྤྲོ་གསེང་བྱ་ཡུལ་བསྐྲུན་པར་བསྐུལ།

ཉེ་ཆར།གསར་འགོད་པས་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་བྱ་ཐབས་དྲུག་སྤྱད་ནས་ཤུགས་ཡོད་རྒུས་གངས་དཀར་རི་བོའི་རི་ཁུལ་གྱི་མི་རིག་ཡུལ་སྐོར་སྤྲོ་གསེང་བྱ་ཡུལ་བསྐྲུན་རྒྱུ་རེད།

བྱ་ཐབས་དྲུག་སྟེ། གཅིག་ནི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དགོས་པ་དང་། གཉིས་ནི་ཐོན་རྫས་ཀྱི་ལས་རྣམ་གསར་པ་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས་པ། གསུམ་ནི་སྒྲིག་ཆས་ཀྱི་ལེ་ལག་འཐུས་ཚང་དུ་གཏང་དགོས་པ། བཞི་ནི་སྤུས་རྟགས་འཛུགས་སྐྱོང་ལ་མཐོང་ཆེན་བྱ་དགོས་པ། ལྔ་ནི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏང་དགོས་པ། དྲུག་ནི་ཚོང་གཉེར་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏང་དགོས་པ་བཅས་སོ།།

( བདེ་སྐྱིད་ཀྱིས་བསྒྱུར།)