国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས་བྱ་ཐབས་སྣ་མང་སྤྱད་ནས་དཔྱིད་རྨོད་ཐོན་སྐྱེད་ལ་དམ་འཛིན་བྱས་ཏེ།

འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི96.7ཡན་ཟིན་པར་འགན་ལེན་བྱས།

ད་ཆ་དཔྱིད་རྨོད་ཀྱི་དུས་ཚིགས་བཟང་པོ་ཡིན་པས། རང་ཁུལ་གྱི་ཞིང་འབྲོག་ཞིང་སྡེ་སྡེ་ཚན་གྱིས་བྱ་ཐབས་སྣ་མང་སྤྱད་དེ་དཔྱིད་རྨོད་ཐོན་སྐྱེད་ལ་དམ་འཛིན་བྱས་པ་དང་།མུའུ་ཁྲི19ཡི་ནས་ཀྱི་ཐོན་འབབ་མཐོ་བའི་དཔེ་སྟོན་ཁུལ་བསྐྲུན་རྒྱུ་གཙོ་བོར་བྱས་ནས། དཔྱིད་རྨོད་ཀྱི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི96.7ཡན་ཟིན་པར་འགན་ལེན་བྱས་པ་སྟེ།དཔྱིད་རྨོད་གྲ་སྒྲིག་དོན་འཁྱོལ་ཞིབ་ཕྲ་དང་ཚན་རྩལ་རྨོ་འདེབས་དོན་འཁྱོལ་ཞིབ་ཕྲ། དཔེ་སྟོན་སྐུལ་ཁྲིད་དོན་འཁྱོལ་ཞིབ་ཕྲ་དང་འགན་འཁྲིའི་འབྲེལ་ཐག་དོན་འཁྱོལ་ཞིབ་ཕྲ་ཡོང་བ་བྱ་དགོས།

( བདེ་སྐྱིད་ཀྱིས་བསྒྱུར།)