国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས་ཐབས་སྣ་མང་སྤྱད་ནས་དཔྱིད་རྨོད་ལས་དོན་ཡག་པོ་སྒྲུབ།

ཞིང་རྨོད་བཞིན་པ།

དཔྱིད་རྨོད་ཀྱི་དུས་སུ་སླེབས་ཚེ། རང་ཁུལ་གྱི་ཞིང་འབྲོག་ཞིང་སྡེ་ལས་ཁུངས་ཀྱིས་བྱེད་ཐབས་ཆེན་པོ་བཞི་སྤྱད་དེ་དཔྱིད་རྨོད་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་པ་དང་། ནས་མུའུ་ཁྲི19ཡི་ཐོན་མཐོའི་དཔེ་སྟོན་ཁུལ་བསྐྲུན་ནས་དཔྱིད་འདེབས་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི96.7ཡན་ཟིན་རྒྱུའི་འགན་ལེན་བྱས་པ་རེད།

དཔྱིད་རྨོད་ཀྱི་གྲ་སྒྲིག་ལས་ཀ་དོན་འཁྱོལ་པར་བྱ་དགོས། ཞིང་ནང་གི་ལོ་ཏོག་དོ་དམ་ལ་རིགས་དབྱེ་སྐུལ་འདེད་གཏང་བ་དང་། གྲོ་ལ“གཅིག་གཏོར་གསུམ་འགོག”ལ་ཤུགས་བརྒྱབ་སྟེ་དབྱར་འབྲུ་ལོ་ལེགས་ཡོང་བའི་རྨང་གཞི་བརྟན་པོ་འདིང་དགོས། འབྲུ་རིགས་ཐོན་སྐྱེད་ཀྱི་ལས་འགན་རིམ་བཞིན་ཞིབ་ཚགས་གཏང་རྒྱུ་དང་ས་ཞིང་ལེགས་སྒྱུར་དང་བསྒྱུར་བཀོད་ལ་རིགས་དབྱེ་སྐུལ་འདེད་བཏང་སྟེ། ས་རྒོད་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དང་བེད་སྤྱོད་ཡག་པོ་བྱས་ནས་དཔྱིད་འདེབས་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི96.7ཡན་ཟིན་པར་འགན་ལེན་བྱ་དགོས། མཁོ་འཚོང་མཉམ་ལས་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ས་བོན་དང་ལུད། ཞིང་སྨན་སོགས་བཀོད་གཏོང་དུས་ཐོག་ཏུ་ཡག་པོ་བྱེད་པ་དང་དཔྱིད་དུས་ཀྱི་ཞིང་ལས་རྒྱུ་ཆས་རྫུས་མར་རྡུང་རྡེག་གཏང་བའི་བྱ་སྤྱོད་སྤེལ། ཞིང་ལས་རྒྱུ་ཆས་སྣ་ཚོགས་སྐྱེལ་འདྲེན་དང་གསོག་འཇོག། བྲིན་ཚོང་སོགས་ཀྱི་ལྷུ་ཚིགས་དམ་འཛིན་ཡག་པོ་བཅས་བྱས་ནས། ཞིང་སྤྱོད་དངོས་རྫས་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ། བདེ་འཇགས་བློས་འགེལ་ཆོག་པ་བཅས་ཡོང་བའི་འགན་ལེན་བྱ་དགོས།

ཚན་རྩལ་ཞིང་ནང་དུ་སླེབས་ཐུབ་པར་བྱ་དགོས། “གཅིག་གྱུར་ལྔའི”བླང་བྱ་གཞིར་བཟུང་ནས་ལག་རྩལ་ཞིང་ནང་དུ་སྤེལ་རྒྱུར་དམ་འཛིན་བྱེད་པ་དང་། ས་བོན་ལག་རྩལ་ལེ་ལག་ཚང་བའི་ཁྱབ་གདལ་གཏོང་རྒྱུ་མངོན་གསལ་དོད་པོ་ཡོང་བ། ཚན་རྩལ་ཞབས་ཞུའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ་བཅས་བྱ་དགོས། ཁུལ་རིམ་པས་པར་གཞི་འགན་གཙང་ལེན་གྱི་མཛུབ་ཁྲིད་ཚོགས་ཆུང18དང་དངོས་སྡོད་ཞིབ་འཇུག་རུ་ཁག18བཙུགས་ནས་རྫོང་རིམ་པའི་ཞིང་ལས་ཚན་རྩལ་མི་སྣ་ལོ་ཧྲིལ་པོར་ཡུལ་ཤོག་དང་གྲོང་ཚོར་བསྐྱོད་དེ་ཞིང་ནང་དུ་ཞབས་འདེགས་ཉིན60ལས་མི་ཉུང་བ་ཞུ་དགོས་པ་དང་། ལག་རྩལ་ཁྱབ་གདལ་གཏོང་སྟངས་དང་བྱེད་སྟངས2ལས་མི་ཉུང་བ། ཡུལ་ཤོག་དང་གྲོང་རྡལ་ཚང་མས་གྲོང་སྡེའི་དངོས་སྤྱོད་ལག་རྩལ་གྱི་རྐང་འཛིན་ཤེས་ལྡན་པ5ལས་མི་ཉུང་བ་ཚན་རྩལ་དཔེ་སྟོན་དུད་ཚང3ལས་མི་ཉུང་བ་གསོ་སྐྱོང་བྱ་དགོས། ཞིང་འབྲོག་པའི་དངོས་སྤྱོད་ལག་རྩལ་མི་ཐེངས་ཁྲི30ཡན་གསོ་སྦྱོང་བྱས་ནས“ས་གནས་ཀྱི་ཆེད་ལས་མཁས་པ”དང“ཞིང་ལས་ཤེས་ལྡན་པའི”ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།

དཔེ་སྟོན་སྐུལ་ཁྲིད་དོན་འཁྱོལ་བྱ་དགོས། དཔེ་སྟོན་སྐུལ་ཁྲིད་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་མུའུ་ཁྲི19ཡི་ནས་ཐོན་མཐོའི་དཔེ་སྟོན་ཁུལ་བསྐྲུན་རྒྱུ་གཙོ་བོར་བྱེད་པ་དང་། འདེབས་ཁྱོན་བརྒྱ་ཆ50ཡན་གྱི་མ་རྨོས་ལོ་ཏོག་ཐོན་མཐོའི་དཔེ་སྟོན་ཁུལ་བསྐྲུན་རྒྱུ་ལྟེ་བར་བྱེད་པ། འདེབས་ཁྱོན་བརྒྱ་ཆ50ཡན་གྱི་ཞོག་ཁོག་ཐོན་མཐོའི་དཔེ་སྟོན་ཁུལ་བསྐྲུན་རྒྱུ་རྨང་གཞི་བཅས་བྱས་ནས། དུས་མཚམས་སུ་གྲོ་འཕེལ་རྒྱས་ལ་སྐུལ་འདེད་གཏང་བ་དང་རྟེན་གཞི་བསྐྲུན་ནས་སོན་བཟང་འདེབས་པ་དང་སོན་བཟང་ཁྱབ་གདལ་གཏང་ནས། ཞིང་ཆེན་གྱི“རྫོང་བརྒྱའི”མུའུ་རེའི་ཐོན་ཚད་མཐོ་རུ་གཏང་བའི་བྱ་སྤྱོད་ཀྱི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱ་དགོས།

འགན་འཁྲིའི་འབྲེལ་བ་དམ་འཛིན་བྱ་དགོས། ཏང་ཨུ་དང་སྲིད་གཞུང་གི་གཙོ་ཁྲིད་དང་ཞིང་ལས་སྡེ་ཚན་གྱིས་གཙོ་འགན་འཁུར་བ། ཚན་རྩལ་ཚོགས་པས་གཙོ་བོ་འོས་སྦྱོར་བྱེད་པ་བཅས་ཀྱི་འབྲུ་སྣུམ་ཐོན་སྐྱེད་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏང་བ་དང་། ཆུ་བེད་དང་ཡུལ་སྡེ་དར་རྒྱས་སོགས་སྡེ་ཚན་ལ་སྤྱི་འདོམས་བྱས་ནས་ཡུལ་ཤོག་དང་གྲོང་རྡལ་གྱི་ལས་བྱེད་པ། ཧྲུའུ་ཅི་དང་པོ། གྲོང་ཚོར་བཅའ་སྡོད་པའི་རུ་ཁག། ཡུལ་ཤོག་དང་གྲོང་རྡལ་གྱི་ཞིང་ལས་ལག་རྩལ་པའི་ལས་འགན་གསལ་ཐོ། འགན་འཁྲིའི་གསལ་ཐོ་བཅས་ཁ་གསལ་བཟོས་ནས་ཞིང་ལས་ཀྱི་དུས་ཚིགས་སུ་གྲོང་ཚོར་གནས་སྡོད་བྱེད་དེ་མཛུབ་ཁྲིད་བྱ་རྒྱུ་དང་། ཞབས་འདེགས་ཞུ་བའི་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་བྱེད་པ། འགན་འཁྲི་མི་རེར་དང་ཞབས་ཞུའི་དུད་ཚང་ཚང་མར་བྱེད་པ། ལག་རྩལ་ས་ཞིང་ཡོངས་ལ་ཁྱབ་པར་བྱ་དགོས། སྐུལ་འདེད་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་འབྲུ་རིགས་དཔེ་སྟོན་ཁུལ་དང་། སྡེ་ཁུལ། ས་ཚིགས་བཅས་འཛུགས་སྐྲུན་གྱི་ནང་དོན་དང་འབྲུ་འདེབས་དུད་ཆེན་གྱི་རྫོང་རིམ་པའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་པ་དང་། དེ་བཞིན་གྲོ་དང་མ་རྨོས་ལོ་ཏོག་གི་འབྲུ་རིགས་ཐོན་སྐྱེད་མ་གནས་དང་ཡོང་འབབ་འགན་བཅོལ་སྲིད་ཇུས་ཁྱོན་ཡོངས་ནས་ཁྱབ་པར་དཔྱད་ཞིབ་བྱེད་ཁོངས་སུ་འཇུག་དགོས།།

(ཡེ་ཤེས་ཀྱིས་བསྒྱུར།)