国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

༄༅།། སྤྱི་ཟླ3པའི་ཚེས30ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་ནགས་ཚལ་རྩྭ་ཐང་མེ་ཟོན་བཀོད་འདོམས་པུའུ་ཡི་བཀོད་འདོམས་མགོ་གཙོ་ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་ནགས་ཚལ་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་ཀར་བཀོད་གཏོང་གནང་སྐབས་ཤུགས་ཡོད་རྒུས་ནགས་ཚལ་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་ཀར་དམ་འཛིན་ཡག་པོ་བྱ་དགོས། ངེས་པར་དུ་བྱ་སྤྱོད་ཡོད་ལ་གཞི་ཁྱོན་ཡོད་པ། གྲུབ་འབྲས་ཐོན་པའི་སྒོ་ནས་མེ་སྐྱོན་མི་འབྱུང་བར་མཐའ་གཅིག་ཏུ་འགན་བླང་དགོས་ཞེས་ནན་གསུང་གནང་།

༄༅།། སྤྱི་ཟླ3པའི་ཚེས29ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན། ཏང་ཚན་ཁག་གི་ཧྲུའུ་ཅི་ཧྥུང་ཧྥ་ཀུའེ་ཡིས་ཁུལ་སྲིད་གཞུང་ཏང་ཚན་ཁག་གི2024ལོའི་ཚོགས་འདུ་ཐེངས4པ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་འབྲེལ་ཡོད་གསུང་བཤད་གལ་ཆེན་དང་མཛུབ་སྟོན། རྩོམ་ཡིག་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཉེ་དུས་ཀྱི་ཚོགས་འདུ་རབ་དང་རིམ་པ། དེ་བཞིན་ཀྲུང་དབྱང་དང་ཞིང་ཆེན་མགོ་ཁྲིད་ཀྱིས་གནང་བའི་ནགས་ཚལ་མེ་སྐྱོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་ཞིང་དཔོན་ཧོང་ཆང་རང་ཁུལ་དུ་མཛུབ་ཁྲིད་དང་བརྟག་ཞིབ་མཛུབ་སྟོན་དུ་ཕེབས་པའི་སྙིང་དོན་བརྒྱུད་བསྒྲགས་དང་། ཉེ་དུས་ཁུལ་ཡོངས་ཀྱི་ནགས་ཚལ་རྩྭ་ཐང་གི་མེ་གསོད་གནས་ཚུལ་དང་ཕྱིན་ཆད་ལས་ཀའི་སྙན་ཞུར་ཉན་འཇོག་དང་འབྲེལ་ཡོད་ལས་ཀར་བཀོད་སྒྲིག་བྱས་པ་རེད།