国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དར་མདོ་མགོ་བཏགས་སྨད་པ་གྲོང་སྡེའི་མཛེས་ཉམས།

མགོ་བཏགས་སྨད་པ་གྲོང་སྡེ་ནི་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་འགག་པ་ཡུལ་ཤོག་གི་ཁོངས་སུ་གཏོགས་པ་དང་། དར་མདོའི་ཤར་རྒྱུད་ཀྱི་རི་བོ་གངས་དཀར་གྱི་སྐོར་ལམ་དང་ལྷོ་རྒྱུད་ཉི་སྟེན་སྐོར་ལམ། བྱང་རྒྱུད་གེ་སར་རིག་གནས་ཀྱི་ཡུལ་སྐོར་བྱ་ཡུལ་བཅས་སུ་ཆགས་ཡོད་ཅིང་། ཁམས་ཀྱི་འགག་སྒོ་དང་པོ་སྟེ་རྒྱུ་ལའི་ནུབ་འདབས་ཀྱི་མཐའ་འབྲེལ་ས་ཁུལ་དང་སྦྲེལ་ཡོད་པས། རྒྱུ་ལའི་ནུབ་རྒྱུད་ཀྱི་གྲོང་སྡེ་དང་པོ་ཞེས་པའི་མཚན་སྙན་ཐོབ་པ་རེད། རྒྱལ་ལམ318གྲོང་སྡེར་བརྒྱུད་ཡོད་ལ། ཆ་སྙོམས་མཚོ་འཕགས་སྨི3700ལ་ཟིན་ཡོད། གངས་རི་དང་རྩྭ་ཐང་། མཚེའུ། མེ་ཏོག་སོགས་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་པ་དང་། མི་ཉག་རིག་གནས་ངོ་མཚར་ཆེ་བ་དང་འབྲོག་ཁུལ་གྱི་དམངས་སྲོལ་གོམས་གཤིས་ཕུན་སུམ་ཚོགས་པའི་གནས་མཆོག་ཅིག་ཡིན་ནོ།།