国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

༄༅།། སྤྱི་ཟླ4པའི་ཚེས5ཉིན་ལ། གསར་འགོད་པས་ཞིང་ལས་ཞིང་སྡེ་ཐིང་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ་བ4པའི་ཚེས3ཉིན་གྱི་བར། སི་ཁྲོན་གྱིས་དཔྱིད་འདེབས་འབྲུ་ཁྱོན་མུའུ་བྱེ་བ2དང་ས་ཡ4ལ་ཟིན་ཡོད་ཅིང་། འཆར་གཞིའི་ལས་འགན་ལས་བཅུ་ཆ་གསུམ་བརྒལ་ཡོད།།

༄༅།། སྤྱི་ཟླ4པའི་ཚེས7ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་ཧྲེང་དབྱང་གི་མངགས་བཅོལ་ལྟར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས2024ལོའི་བདེ་འཇགས་འཛུགས་སྐྱོང་དང་ལས་དོན་གཙོ་བོའི་རྒྱུན་ལྡན་གྲོས་ཚོགས་ཐེངས3པ་འཚོགས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཉེ་དུས་ཚོགས་འདུ་རབ་རིམ་གྱི་སྙིང་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཤིང་། དུས་ཚིགས་དང་པོའི་ལས་དོན་ལ་ཕྱོགས་བསྡོམས་དང་སྤྱི་ཟླ4པའི་ལས་དོན་གཙོ་བོ་བཀོད་སྒྲིག་བྱས་པ་རེད།།

༄༅།། སྤྱི་ཟླ4པའི་ཚེས7ཉིན་ལ། གསར་འགོད་པས་དཀར་མཛེས་ཁུལ་ནོར་སྲིད་ཅུས་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། དུས་ཚིགས་དང་པོར་རང་ཁུལ་གྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར22.15གྲུབ་པ་དང་ལོ་འཁོར་དམིགས་འབེན་གྱི་བརྒྱ་ཆ37.33གྲུབ་ནས་འགོ་ཡག་པོ་བཙུགས་ཐུབ་ཡོད།།

༄༅།། རྟའུ་རྫོང་ཨང་ཀིའི་དཔལ་འབྱོར་ཐོན་ལས་གླིང་ཁུལ་དུ་ཁེ་ལས13ཞུགས་ཡོད་ཅིང་། རིམ་རྩིས་བྱས་ན་རིགས་ཁག་གི་ཚོང་གཉེར་བྱེད་པོ་དང་ལས་གཏོད་ཚོགས་པ16སྐྱེད་སྲིང་བྱས་ཡོད་པ་དང་། མི3000ལ་རིགས་ཁག་གི་གློག་རྡུལ་ཚོང་དོན་གསོ་སྦྱོང་བྱས་ཡོད། མི314ཡིས་ལས་ཞུགས་དང་ལས་གཏོད་ཐུབ་ཡོད་པ་རེད།།

༄༅།། འབའ་ཐང་རྫོང་གིས་ཚད་གཞི་མཐོན་པོ་རྒྱུན་འཁྱོངས་ནས་ལས་དོན་གྱི་མ་ལག་བཙུགས་པ་དང་། བརྟག་དཔྱད་དབྱེ་ཞིབ་རྒྱུན་འཁྱོངས་ནས་ཤུགས་རྒྱག་ས་གནད་འཁེལ་འཚོལ་བ། སྡེ་ཁག་གིས་གཙོ་གཉེར་རྒྱུན་འཁྱོངས་ནས་རོགས་སྐྱོར་བྱེད་ཐབས་གཏན་ལ་ཕབ་པ། ཁྱད་ཡོན་བསྒྱུར་བ་རྒྱུན་འཁྱོངས་ནས་ལས་སྒྲུབ་མགྱོགས་སུ་བསྐུལ་བ་བཅས་རྒྱུན་འཁྱོངས་བཞི་ལ་བརྟེན་ནས་མ་མཐའི་འཚོ་སྐྱོར་ལས་དོན་མཐར་ཕྱིན་དང་དོན་ལ་གནས་པ་སྤེལ་བ་རེད།།