国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསེར་རྟ་རྫོང་གིས་གློ་གཅོང་ནད་ལ་ཚགས་བཤེར་བྱས།

ཉེ་ཆར། གསེར་རྟ་རྫོང་མཆོག་གཙང་ཡུལ་ཤོག་འཕྲོད་བསྟེན་ཁང་དུ་གློ་གཅོང་ནད་བརྟག་དཔྱད་བྱེད་སར་འོངས་པའི་མང་ཚོགས་མང་པོ་འཛོམས་ཡོད། བདེ་ཐང་སྒྲོག་འགྲེལ་པས་ཡུལ་མི་ཚོར་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་གློ་གཅོང་ནད་ཀྱི་སྔོན་འགོག་ཤེས་བྱ་འགྲེལ་བཤད་བྱས་པ་དང་། ཇི་ལྟར་བྱས་ནས་ནད་གཞི་དབྱེ་འབྱེད་བྱེད་སྟངས་དང་རང་ཉིད་འགོག་སྲུང་སོགས་ཀྱི་དངོས་སྤྱོད་ཆ་འཕྲིན་སློབ་པ་རེད། འཕྲོད་བསྟེན་ཚགས་བཤེར་ཚོ་ཆུང་གི་ལས་དོན་མི་སྣས་ཡུལ་མི་ཚོར་གོ་རིམ་ལྡན་པའི་ངང་སྨན་བཅོས་བྱ་རྒྱུའི་ཁྲིད་སྟོན་བྱས་ཐོག་ཁ་ཤུབས་ཀྱང་སྤྲད་ཡོད།

བརྟག་དཔྱད་རིང་ལ་སྨན་དོན་མི་སྣས་བཀོལ་སྤྱོད་བྱེད་ལུགས་ལྟར་ཡུལ་མི་ཚོར་གནས་ཚུལ་ཞིབ་འདྲི་དང་བརྟག་དཔྱད་ཞིབ་ཕྲ་བྱས་པ་རེད། མང་ཚོགས་ཚང་མས་སྨན་པའི་བླང་བྱ་ལྟར་སྒྲིག་ལམ་སྲུང་ཞིང་ཞིབ་བཤེར་ལས་དོན་གོ་རིམ་ལྡན་པའི་ངང་ལེགས་པར་གྲུབ།

ཡུལ་མི་དགའ་བ་སྐྱིད་ཀྱིས་དེ་རིང་ཡུལ་ཤོག་སྲིད་གཞུང་གི་ལས་དོན་མི་སྣས་བཤད་པ་ལྟར་ན། རྫོང་ནས་སྨན་དོན་མི་སྣ་ཡུལ་ཤོག་ཏུ་ང་ཚོར་གློ་གཅོང་ནད་བརྟག་དཔྱད་བྱེད་དུ་འོང་རྒྱུ་རེད་ཟེར་བས། ངེད་ཅག་རི་སྐོར་ཁྱིམ་མཚེས་ཚོ་མྱུར་དུ་འཕྲོད་བསྟེན་ཁང་དུ་འོངས་པ་ཡིན། སྨན་དོན་མི་སྣས་ང་ཚོའི་གཟུགས་པོར་བརྟག་དཔྱད་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྗེས་མ་ཡང་བྱེད་སྒོ་དེ་འདྲ་སྤེལ་བའི་རེ་བ་ཆེན་པོ་ཡོད་ཅེས་བཤད།

རིན་པ་མི་དགོས་པར་གློ་གཅོང་ནད་ཚགས་བཤེར་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་གསེར་རྟ་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱིས་སྣེ་ཁྲིད་དེ་རྫོང་དང་ཡུལ་ཤོག། གྲོང་སྡེ་བཅས་ཀྱི་སྨན་བཅོས་ཚགས་བཤེར་ཚོ་ཆུང་བཙུགས་ནས་འཁྱེར་འཕྲིནDRཞིབ་དཔྱད་རླངས་འཁོར་ཡུལ་ཤོག་དང་གྲོང་རྡལ་ཁག་ཏུ་བཏང་ནས་སློབ་མ་དང་གྲྭ་བཙུན། མང་ཚོགས། ལས་བྱེད་མི་སྣ་སོགས་གཙོ་གནད་མང་ཚོགས་ལ་དམིགས་ནས་འཕྲོད་བསྟེན་བདེ་ཐང་འགན་བཅོལ་ལག་རྩལ་དང་། ཡུལ་ཤོག(གྲོང་རྡལ)སྲིད་གཞུང་གི་ཁྱབ་སྲུང་། འཕྲོད་བསྟེན་ཁང་གི་མཐུན་སྦྱོར་འགན་ལེན་བཅས་ཀྱི་བྱེད་ཐབས་ལྟར་གློ་གཅོང་ནད་ཚགས་བཤེར་བརྟག་དཔྱད་ལས་དོན་སྤེལ།

རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གློ་གཅོང་ནད་པ་བརྒྱ་ཆ90ཡན་ནི་སྨན་བཅོས་ལས་ཁུངས་ཀྱིས་བརྟག་དཔྱད་བྱས་ནས་ནད་ངོས་ཟིན་པ་རེད། ནད་ངོས་མི་ཟིན་པའི་ནད་པ་དུས་ཐོག་ཏུ་སྨན་བཅོས་དང་དོ་དམ་བྱེད་མི་ཐུབ་པ་ནི། སྤྱི་ཚོགས་ཐོག་མངོན་མེད་འགོ་ནད་ཀྱི་ཁུངས་སུ་འགྱུར་སྲིད། དེར་བརྟེན་རང་འགུལ་ངང་བརྟག་དཔྱད་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། རིན་པ་མི་དགོས་པར་གློ་གཅོང་ནད་ཚགས་བཤེར་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་གསེར་རྟ་རྫོང་གིས་ད་ལོར་ཡུལ་ཤོག་དང་གྲོང་རྡལ11གི་ལས་བྱེད་པ། མང་ཚོགས་སོགས་ལ་ཞིབ་བཤེར་བྱས་ཡོད་ལ། ད་སྔར་རྫོང་ཡོངས་ཀྱི་རེས་སྐོར་གཉིས་པའི་གློ་གཅོང་ནད་པ22325ལ་རིན་པ་མི་དགོས་པར་ཚགས་བཤེར་བྱས་ཡོད།།

( ཡེ་ཤེས་ཀྱིས་བསྒྱུར།)