国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

༄༅།། སྤྱི་ཟླ4པའི་ཚེས11ཉིན་ལ། ཁུལ་ཡོངས་ཀྱི2024ལོའི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་གསོ་སྐྱོང་ལས་སྒོ་གསོ་སྦྱོང་ཚོགས་འདུ་དར་མདོ་ནས་འཚོགས་པ་རེད།

༄༅།། ཉེ་ཆར། འབའ་ཐང་རྫོང་རྫོང་རྩ་གྲོང་རྡལ་རིང་སྟོད་གྲོང་སྡེར་ཞིང་ལས་འཕྲུལ་ཆས་མཉམ་ལས་ཁང་དངོས་སུ་བཙུགས་པ་རེད། དེ་ལས་ཞིང་ལས་འཕྲུལ་ཆས་དཔྱིད་རྨོད་ཀྱི་གྲས་གཙོ་བོར་གྱུར་ནས་ཚན་རྩལ་ཅན་དང་འཕྲུལ་ཆས་ཅན་གྱི་ལས་ཀ་ལས་སྟངས་གིས་དཔྱིད་རྨོད་ཐོན་སྐྱེད་དེ་བས་སྟབས་བདེ་དང་ཕན་འབྲས་ཆེན་པོ་ཐོན་ཡོད།

༄༅།། སྤྱི་ཟླ4པའི་ཚེས12ཉིན་ལ། ཞི་ཅིན་ཕིང་གི་ཏང་ལེགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་གོ་བ་བྱང་ཆུབ་པ་ལེན་པ་དང་། ཁུལ་སྲིད་གྲོས་ལས་ཁུངས་ཀྱི་ཏང་ལེགས་སྐྱོང་དང་ཏང་སྲོལ་སྲིད་དོན་གཙང་སྐྱོང་ལས་དོན་མཐར་ཕྱིན་ཅིང་དོན་ལ་གནས་པར་སྐུལ་བའི་ཆེད། ཁུལ་སྲིད་གྲོས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་ཏང་སྲོལ་སྲིད་དོན་གཙང་སྐྱོང་ལས་དོན་ཚོགས་འདུ་དར་མདོ་རུ་འཚོགས་པ་རེད།

༄༅།། སྤྱི་ཟླ4པའི་ཚེས12ཉིན་ལ། དཀར་མཛེས་ཁུལ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས(སྤྱི་ཁྱབ་ཚོང་ཚོགས་)སྐབས་ལྔ་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཐེངས་གཉིས་པ་དར་མདོ་ནས་འཚོགས་པ་རེད། ཚོགས་འདུར་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། 2023ལོའི་ལས་དོན་གཙོ་བོ་ཕྱོགས་སྡོམ་དང2024ལོའི་ལས་འགན་བཀོད་སྒྲིག་བྱས་པ་རེད། ཚོགས་འདུར2023ལོའི་ཁུལ་ཡོངས་ཀྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྔོན་ཐོན་ཚན་པ་དང་མི་སྣ་ཕུལ་བྱུང་ལ་བསྔགས་བརྗོད་བྱས་པ་དང་འབྲེལ་རྒྱལ་ཡོངས་ཀྱི་རྫོང་རིམ་པའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི“ཡག་པོ་ལྔ”ཐོབ་པར་བྱང་བུ་སྤྲད་པ་རེད།

༄༅།། སྤྱི་ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། ཁུལ་ཨུའི་རྒྱལ་ཁབ་བདེ་འཇགས་གཞུང་དོན་ཁང་དང་ཁུལ་ཨུའི་དྲིལ་བསྒྲགས་པུའུ། དར་མདོ་གྲོང་ཁྱེར་གྲོང་ཁྱེར་ཏང་ཨུའི་རྒྱལ་ཁབ་བདེ་འཇགས་གཞུང་དོན་ཁང་བཅས་ཀྱིས་སྣེ་ཁྲིད་དེ་སྲིད་ཁྲིམས་དང་དྲྭ་འཕྲིན་གསང་སྐྱོབ། སྤྱི་བདེ། ཁྲིམས་འཛིན། དངུལ་རྩའི་ལས་རིགས།བཟོ་ཚོགས་སོགས་ཁུལ(གྲོང་ཁྱེར)རིམ་པ་གཉིས་ཀྱི་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ་དར་མདོ་གྲོང་ཁྱེར་གྱི་མཛའ་གཞས་ཐང་ཆེན་དུ་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་བ་རེད།

༄༅།། ཉེ་ཆར།ཁུལ་རིམ་པའི་སྡེ་ཚན་གྱི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་དང་ལས་སྒོའི་སྲིད་ཇུས་གསོ་སྦྱོང་ཚོགས་འདུ་དར་མདོ་ནས་འཚོགས་པ་རེད། ཚོགས་འདུར་ཞི་ཅིན་ཕིང་གི་ཏང་ལེགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་ཏེ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ཅུས་ཀྲང་ཚོགས་འདུའི་སྙིང་དོན་དོན་འཁྱོལ་ནན་ཏན་བྱས་ཏེ2023ལོའི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཕྱོགས་སྡོམ་དང2024ལོའི་ལས་འགན་གཙོ་གནད་བཀོད་སྒྲིག་བྱས་པར་མ་ཟད། དུས་བབ་གསར་པ་ངོས་འཛིན་གསལ་པོ་དང་། ཁྱད་ཆོས་གསར་པ་ཁོང་དུ་ཆུད་པ། ཆོས་ཉིད་གསར་པར་བརྩི་སྲུང་ཞུ་བ། ཇི་ལྟར་ཆུ་ཚད་གསར་པ་མཐོ་རུ་གཏོང་བ་བཅས་ལ་དམིགས་ནས་ལས་སྒོའི་སྲིད་ཇུས་གསོ་སྦྱོང་སྤེལ་ཡོད།

༄༅།། ཉེ་ཆར། འབའ་ཐང་རྫོང་བྱ་ཁྱུང་གྲོང་རྡལ་གྱིས་གོ་སླ་བའི་སྐད་ཆ་ཡིས་ཤེས་དཔལ་གྱི་གཏམ་རྒྱུད་བརྗོད་པ་དང་། མི་རྣམས་ལ་གོ་རྟོགས་ལྡན་པའི་གཏམ་རྒྱུད་ཀྱིས་ཤེས་དཔལ་གྱི་སྲོལ་རྒྱུན་གསར་པ་དར་སྤེལ་གཏོང་ཞིང་། སྤྲོ་སྣང་གིས་ཁེངས་པའི་དྲིས་ལན་གྱིས་དེར་ཞུགས་པར་སེམས་འགུལ་ཐེབས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་སྔར་བས་སྐྱེད་སྲིང་དང་ལག་ལེན་བསྟར་ནས་ཞིང་ཆེན་རིམ་པའི་ཤེས་དཔལ་གྲོང་ཁྱེར་བསྐྲུན་རྒྱུའི་ལས་དོན་ལ་སྐུལ་འདེད་མགྱོགས་སུ་གཏོང་ཆེད། མངའ་ཁོངས་ཀྱི་གྲོང་ཚོ་བསྡུས་ནས་གོམས་སྲོལ་བསྒྱུར་བཅོས་ཀྱི་གཙོ་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

༄༅།། སྐྱེ་བོ་ལོ་ན་མ་སོན་པ་ཚོར་བདེ་ཐང་ངང་འཚར་ལོངས་འབྱུང་བའི་ཁོར་ཡུག་ཞིག་བསྐྲུན་ཆེད། སྡེ་དགེ་རྫོང་གིས“2024ལོའི་ལྗང་བུ་སྲུང་སྐྱོང་དང་དཔེ་རྟགས་ལྗང་གུ”ཞེས་པའི་བྱ་སྤྱོད་ཀྱི་འབོད་སྐུལ་འོག། སྤྱི་ཟླ4ཚེས8ཉིན་ལ། སྡེ་དགེ་རྫོང་ཁྲོ་བ་གྲོང་རྡལ་སློབ་ཆུང་གིས“ལྗང་བུ་སྲུང་སྐྱོང་དང་དཔེ་རྟགས་ལྗང་གུའི”ཆེད་དོན་བྱེད་སྒོ་སྤེལ་བ་རེད། ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་གཞོན་ནུ་ལོ་ཆུང་གི་བཅའ་ཁྲིམས་བྱང་ཚད་མཐོ་རུ་བཏང་ནས་ཁོང་ཚོར་ལྗང་མདོག་དཔེ་ཀློག་དང་ཡ་རབས་དྲྭ་ཞུགས་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་གནོད་ལྡན་གྱི་དྲྭ་རྒྱའི་ཆ་འཕྲིན་ལས་རང་རྟོགས་ངང་རིང་དུ་གྱེས་རྒྱུ་དེ་རེད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)