国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་རྒྱལ་ས་གནས་ཁག་གིས་རྒྱལ་ཁབ་བདེ་འཇགས་སློབ་གསོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

སྤྱི་ཟླ4པའི་ཚེས14ཉིན་ལ། ཀུའེ་ཀྲོའུ་ཞིང་ཆེན་ཆན་ཏུང་ནན་མའོ་རིགས་དང་ཏུང་རིགས་རང་སྐྱོང་ཁུལ་ཚུང་ཅང་རྫོང་ཀུའུ་རུང་ཐང་ཆེན་དུ་ཏུང་རིགས་སྤུན་ཟླ་ཚོས་ཏུང་རིགས་ཟློས་གར་འཁྲབ་ནས་མང་ཚོགས་ལ་རྒྱལ་ཁབ་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝུའུ་ཏེ་ཅུན་གྱིས་པར་བླངས།

སྤྱི་ཟླ4པའི་ཚེས14ཉིན་ལ། ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པས་ཀུའེ་ཀྲོའུ་ཞིང་ཆེན་ཆན་ཏུང་ནན་མའོ་རིགས་དང་ཏུང་རིགས་རང་སྐྱོང་ཁུལ་ཧྲི་པིང་རྫོང་གི་མང་ཚོགས་ལ་རྒྱལ་ཁབ་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མོ་ཀུའེ་པིན་གྱིས་པར་བླངས།

སྤྱི་ཟླ4པའི་ཚེས14ཉིན་ལ། ཧྲན་ཏུང་ཙའོ་ཀྲོང་ཚན་རྩལ་ལས་རིགས་སློབ་གླིང་གི་སློབ་མ་ཚོས་ཐེང་ཀྲོའུ་གྲོང་ཁྱེར་རྒྱལ་ཁབ་བདེ་འཇགས་ལས་དོན་ལྟེ་གནས་ཀྱིས་གཉེར་བའི“རྒྱལ་ཁབ་བདེ་འཇགས་སློབ་གསོ་སློབ་གྲྭར་སྤེལ་བའི”བྱེད་སྒོར་རྒྱལ་ཁབ་བདེ་འཇགས་ཀྱི་ཤེས་བྱ་སྦྱོང་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ཀྲི་ཅུན་གྱིས་པར་བླངས།

སྤྱི་ཟླ4པའི་ཚེས14ཉིན་ལ། ཀུའེ་ཀྲོའུ་ཞིང་ཆེན་ཆན་ཏུང་ནན་མའོ་རིགས་དང་ཏུང་རིགས་རང་སྐྱོང་ཁུལ་ཚུང་ཅང་རྫོང་ཀུའུ་རུང་ཐང་ཆེན་དུ་མེ་གསོད་རུ་མིས་ཕྲུ་གུ་ཚོར་མེ་གསོད་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལུའུ་ཀྲུང་ནན་གྱིས་པར་བླངས།

སྤྱི་ཟླ4པའི་ཚེས14ཉིན་ལ། སློབ་ཆེན་སློབ་མའི་དང་བླངས་པས་དྲིལ་བསྒྲགས་སློབ་གསོ་བྱེད་སྒོའི་ཡུལ་དངོས་སུ་སྣང་ཚུལ་ཟློས་གར་བརྒྱུད་དེ་རྒྱལ་ཁབ་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝང་ཕེང་གིས་པར་བླངས།

སྤྱི་ཟླ4པའི་ཚེས14ཉིན་ལ། ཧོ་ནན་ཞིང་ཆེན་རུའུ་དབྱང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ལས་བྱེད་ཉེན་རྟོག་པས་ལིའུ་ལིང་ཐང་ཆེན་དུ་མང་ཚོགས་ལ་རྒྱལ་ཁབ་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཁང་ཧུང་ཅུན་གྱིས་པར་བླངས།

དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་དགུ་པ་འཆར་བའི་སྐབས་དང་བསྟུན་ནས་ས་གནས་ཁག་གིས་གཙོ་དོན་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་ནས་མི་རྣམས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་རེད།