国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དར་མདོའི་གྲོང་གསར་དུ་དཔྱིད་ཀྱི་དཔལ་ཡོན་རྣམ་པར་རྒྱས།

( ཡེ་ཤེས་ཀྱིས་བྲིས་ཤིང་པར་བླངས།)

ལོ་རྒྱུས་ཡུན་རིང་དང་མཚར་སྡུག་གི་རིག་གནས་མངའ་བའི་དར་མདོ་གྲོང་ཁྱེར་ལ་དཔྱིད་དཔལ་བུ་མོས་འཆོར་སྒེག་གི་གོམ་འགྲོས་དལ་གྱིས་སྤོས་པ་དང་། ཁ་དོག་རྣམ་པར་བཀྲ་བའི་མེ་ཏོག་སྣ་ཚོགས་མཛེས་སྡུག་འགྲན་པ་ལྟར་བཞད་ཅིང་། ཡུལ་སྐོར་སྤྲོ་སྐྱིད་ལ་རོལ་བའི་དུས་ཚིགས་ཁྱད་པར་ཅན་འདིར་ཕྱོགས་སོ་སོའི་ཡུལ་སྐོར་བ་མང་པོ་གྲོང་ཁྱེར་འདིའི་མེ་ཏོག་གི་མཛེས་སྡུག་ལ་སེམས་པ་རབ་ཏུ་འཁྲེང་། འདིར་མེ་ཏོག་གི་མཛེས་སྡུག་རེ་རེ་པར་ཆས་ཀྱི་འཆར་ཤེལ་དང་འགྲོགས་ནས་ཁྱེད་ཅག་ལ་ལྟད་མོ་ཐེངས་ཤིག་བཤམས་པ་ཡིན།