国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

༄༅།། ཉེ་ཆར། ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྲོས་ཚོགས་དང་ཁུལ་ཨུ་ཏང་སྐྱོང་མགོ་ཁྲིད་ཚོ་ཆུང་གི2024ལོའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཏེ། ཏང་གི་སྒྲིག་ལམ་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཆན་བཀོད་གལ་ཆེན་གྱི་དགོངས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཡིག་ཆའི་སྙིང་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཤིང་། ཁུལ་ཡོངས་ཀྱི་ཏང་གི་སྒྲིག་ལམ་སློབ་སྦྱོང་སློབ་གསོའི་ལས་དོན་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི། མགོ་ཁྲིད་ཚོ་ཆུང་གི་མགོ་གཙོ་ཧྲེན་དབྱང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་།

༄༅།། ཉེ་ཆར། དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་འཛུགས་པའི་སྐུལ་སློབ་བཀོད་སྒྲིག་ཚོགས་འདུ་དར་མདོར་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི། ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཨུ་ལྷན་གྱི་ཀྲུའུ་རེན་ཧྲེན་དབྱང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། རང་རྟོགས་ངང་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ལ་གངས་དང་འཁྱག་ཀླུང་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ཏུ་ལེན་ཞིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་མགྱོགས་པོར་བཙུགས་ཏེ། འབྲི་ཆུ་དང་རྨ་ཆུ་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་ཡོལ་བརྟན་པོ་ཧུར་ཐག་བཟོ་དགོས་ཞེས་ནན་གསུང་གནང་བ་རེད།།

༄༅།། ཉེ་ཆར། གསར་འགོད་པས་སི་ཁྲོན་ཞིང་ཆེན་སྲིད་གཞུང་སྲིད་དོན་ཞབས་ཞུ་དང་སྤྱི་པའི་ཐོན་ཁུངས་སྤེལ་རེས་ཞབས་ཞུ་ལྟེ་གནས་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། ད་ལོར་རང་རེའི་ཞིང་ཆེན་གྱིས་མུ་མཐུད་དེ་རྫོང་རིམ་པའི་སྤྱི་པའི་ཐོན་ཁུངས་སྤེལ་རེས་བྱ་ཡུལ་རིམ་སྤར་བསྒྱུར་བཀོད་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། ལོ་གཉིས་ནས་གསུམ་བར་སྤེལ་རེས་ཞབས་ཞུའི་འགན་སྲུང་ནུས་པ་ཆེ་རུ་གཏང་རྒྱུ་རེད།།

༄༅།། ཉེ་ཆར། ཁུལ་ཡོངས་ཀྱི་མི་དམངས་འཐུས་མིའི་ལས་དོན་སྐུལ་འདེད་ཚོགས་འདུ་དར་མདོར་འཚོགས་ཤིང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཚན་ཁག་གི་ཧྲུའུ་ཅི། ཀྲུའུ་རེན་ཧྲུའུ་ཏ་ཁྲུན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།།

༄༅།། ཉེ་ཆར། རང་ཁུལ་གྱིས《སྲོག་ཆགས་ཀྱི་རིམས་ནད་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་བའི་བྱེད་ཐབས་བརྒྱད》བཏོན་ནས་འབྲོག་ལས་ཉེན་མེད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་བསྲུངས་པ་རེད།།

༄༅།། ཉེ་ཆར། གསར་འགོད་པས་ཞིང་ཆེན་འཕེལ་བསྒྱུར་ཨུ་ལྷན་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། དུས་ཚིགས་དང་པོར་ཞིང་ཆེན་གྱི་ལས་གཞི་གཙོ་བོ700ལ་མ་དངུལ་སྒོར་དུང་ཕྱུར2443.4བཏང་ནས་གྲུབ་པ་དང་ལོ་འཁོར་མ་དངུལ་བཏང་ཚད་ཀྱི་བརྒྱ་ཆ32.1ལ་ཟིན་པ་རེད།།