ཉེ་ཆར་གསར་འགོད་པས་ཕྱག་ཕྲེང་རྫོང་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྨོ་ཞིང་སྲུང་སྐྱོང་ལ་ཤུགས་སྣོན་དང་སྤུས་ཚད་སྤར་བའི་ཆེད། ཉེ་བའི་ལོ་ཤས་རིང་ཕྱག་ཕྲེང་རྫོང་གིས་བྱེད་ཐབས་མང་པོ་སྤྱད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་སྙིང་དོན་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ་ལམ་སྲོལ་དང་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལས་གཞི་དོན་འཁྱོལ་སོགས་ཀྱི་ཐད་མཉམ་དུ་དོ་དམ་བྱས་ཏེ་རྨོ་ཞིང་གི་སྤུས་ཚད་སྲུང་ཞིང་སྤར་བར་ཤུགས་ཡོད་རྒུས་བསྐུལ་ཡོད།
ལམ་སྲོལ་འཐུས་ཚང་དུ་གཏོང་བའི་ཐད་ཕྱག་ཕྲེང་རྫོང་གིས་རྨོ་ཞིང་སྤུས་ཚད་སྲུང་སྐྱོང་གི་ལམ་བུ་ཡག་པོ་འཚོལ་ཞིབ་བྱས་ཏེ་རྨོ་ཞིང་གི་སྤུས་ཚད་སྲུང་ཞིང་སྤར་བ། ལུད་རྫས་ཉུང་གཏོང་། ཞིང་སྐྱེས་བེད་སྤྱོད་ཚུར་བསྡུ། སོག་མ་སྲེག་མི་ཆོག་པ་དང་ཐོན་ཁུངས་ཅན་བེད་སྤྱོད། འདེབས་འཛུགས་ལས་རིགས་ཀྱི་ངོས་ཁུངས་སྦགས་བཙོག་འགོག་བཅོས་སོགས་ཀྱི་ཐད་ནས་འབད་བརྩོན་བྱས་ཏེ་ས་གནས་དེ་གའི་དོན་དངོས་དང་སྦྲེལ་ནས་ཡུལ་དངོས་སུ་བརྟག་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལག་ལེན་འཁྱོལ་ཐུབ་པའི་རྨོ་ཞིང་གི་སྤུས་ཚད་སྤར་ཐབས་དང་།བསམ་འཆར་བཅས་ཁ་གསལ་བཟོས་པར་མ་ཟད། དོན་འཁྱོལ་དམ་འཛིན་དང་དྲིལ་བསྒྲགས་ལ་ཤུགས་རྒྱག་ཅིང་། ལྟ་སྐུལ་མཛུབ་ཁྲིད་སྐུལ་ཤུགས་ཆེ་རུ་བཏང་ནས་ཞིང་ལས་འཕེལ་རྒྱས་གཏོང་བའི་རྨོ་ཞིང་གི་དཔལ་འབྱོར་སྲོག་རྩ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད།
མ་ལག་འཐུས་ཚང་དུ་གཏོང་བའི་ཐད་ཕྱག་ཕྲེང་རྫོང་གིས་རྨོ་ཞིང་གི་སྤྱོད་སྒོ་དོ་དམ་ཚོད་འཛིན་ནན་པོ་བྱས་ཡོད། རྫོང་དང་ཡུལ་ཤོག། གྲོང་སྡེ་བཅས་རིམ་པ་གསུམ་གྱི་རྨོ་ཞིང་ས་རྒོད་དུ་བསྐྱུར་བའི་ཞིབ་དཔྱད་དཔུང་ཁག་བསྡུས་ནས་དོ་དམ་པ་དང་སྤྱི་ཁུལ་ལས་སྒྲུབ་པ་རིགས་དབྱེ་བཀོད་སྒྲིག་བྱས་ཏེ་དེའི་ནང་ཞུགས་མཁན་མི123ལ་ཟིན་ཡོད། ཞིང་ལས་ཐད་བཀོལ་སྣེAPPཡི་སྒུལ་བདེའི་མཉེན་ཆས་ལ་བརྟེན་ནས་ས་རྒོད་དུ་བསྐྱུར་བའི་རྨོ་ཞིང་ཡུལ་དངོས་སུ་ཞིབ་དཔྱད་དང་དྲྭ་ཐོག་ནས་བརྡ་ལན་སྤྲད་དེ་རྫོང་རིམ་པའི་སྡེ་ཚན་དང་ཡུལ་གྲོང་།གྲོང་སྡེ་བཅས་ཀྱི་ལས་བྱེད་པའི་སྟོབས་ཤུགས་སྔར་བས་བསྡུས་ནས་གཞི་རིམ་ཐོན་སྐྱེད་བྱེད་ས་བཏོན་ནས་རྨོ་ཞིང་ས་རྒོད་དུ་བསྐྱུར་བའི་གནས་ཚུལ་བསྟུད་མར་ལོ་གཉིས་ཐོན་མེད་པ་གཏན་འགོག་བྱས་ཡོད།
ལས་གཞི་དོན་འཁྱོལ་ཐད་མ་དངུལ་སྒོར་ཁྲི13བཏང་ནས་རྨོ་ཞིང་སྤུས་ཚད་ཡུན་རིང་གཏན་འཁེལ་ལྟ་ཞིབ་ཚད་ལེན་བྱ་ཡུལ་བཙུགས་ཏེ་ལོ་རེའི་ཞིབ་དཔྱད་ཚད་ལེན་དུས་ཚོད་ཚན་པར་བྱས་ནས་ས་ཆ་གཅིག་ནང་ལུད་རྒྱག་སྟངས་མི་འདྲ་བ་ལག་ལེན་བྱེད་པ་དང་། ལུད་རིགས་མི་འདྲ་བ་འདེམས་པ་དང་ལུད་སྤྱོད་ཚད་མི་འདྲ་བ་འདེམས་པ། ས་རྒྱུའི་གྲུབ་ཆ་དང་།ས་རྒྱུའི་གཤིན་ཚད།ལོ་ཏོག་ཐོན་ཚད་སོགས་ཀྱི་གནས་ཚུལ་དང་ཤུགས་རྐྱེན་ལ་ལྟ་ཞིབ་བྱས་ཏེ་ལེགས་སུ་གཏོང་བ་དང་ས་དཔྱད་སྡེབ་སྦྱོར་ལུད་རྒྱག་པར་སྐུལ་ཆེད་གྲངས་གཞིའི་འདེགས་སྐྱོར་ནུས་ལྡན་འདོན་པ་དང་། མ་དངུལ་སྒོར་ཁྲི2495བཏང་ནས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལས་གྲྭ་ལག་ལེན་བྱས་ཏེ་ཡུལ་གྲོང4དང་སྲིད་འཛིན་གྲོང་སྡེ14ལ་ཁྱབ་ཡོད་པ་དང་དུས་མཉམ་དུ་ལས་གྲྭའི་སྒྲིག་བཀོད་བསྐྲུན་རྗེས་འཁོར་སྐྱོད་དོ་དམ་སྲུང་སྐྱོང་ལ་ཤུགས་བརྒྱབ་སྟེ་ལས་གྲྭའི་སྒྲིག་བཀོད་སྒྲིག་ཆས་བེད་སྤྱོད་དོ་དམ་གནས་ཚུལ་དུས་བཀག་ལྟར་ཞིབ་དཔྱད་བསྡུར་བཤེར་བྱས་ཏེ་ལོ་འཁོར་གྱི་དོ་དམ་སྲུང་སྐྱོང་མ་དངུལ་ལུགས་མཐུན་བགོ་བཤའ་དང་དུས་ཐོག་ཏུ་དོན་འཁྱོལ་བྱས་ནས་འཛུགས་སྐྲུན་ལས་གཞི་ལག་ལེན་ནུས་ལྡན་ཐུབ་པར་འགན་ལེན་བྱས་ཡོད།།
( ཀུན་དགས་བསྒྱུར།)