国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བྲག་མགོ་རྫོང་གིས་དཔྱིད་རྨོད་ཐོན་སྐྱེད་བྱེད་སྒོ་སྤེལ།

( རྟ་མགྲིན་རྡོ་རྗེས་བསྒྱུར།སྟོང་ཚེ་ཆོས་ཀྱིས་པར་བླངས།)

རྨོན་པ་དོར་ལ་བསྡེབས་པའི་མཛད་པ་ཡིས།། དབུ་ནག་བོད་མིའི་འཚོ་བ་བསྲུངས་ནས་ཡོད།། ཉེ་ཆར། བྲག་མགོ་རྫོང་རོང་ཁུལ་གྱི་ཡུལ་ཤོག་དང་གྲོང་རྡལ་ཁག་གིས་རྣམ་པ་གསར་པ་མངོན་པའི་དཔྱིད་རྨོད་ཐོན་སྐྱེད་བྱེད་སྒོ་སྤེལ།

ཉིན་དེའི་ཞོགས་པར། བྲག་མགོ་རྫོང་ཤྭ་རྭ་ཐང་གྲོང་རྡལ་དུ། བྲག་མགོ་རྫོང་གི་ཡུལ་ཤོག་དང་གྲོང་རྡལ། གྲོང་ཚོ་བཅས་ནས་ཡོང་བའི་ཡུལ་མི་རྣམས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ནས་ཞིང་སར་བསྐྱོད་དེ། དྭངས་གཙང་དྲི་མེད་ཁ་བཏགས་ལག་ཏུ་བཟུང་ཞིང་ལྷ་བསང་དང་ཁ་གཡང་གི་ཁྲོད་ནས་གནའ་བོའི་རྨོན་དོར་བསྡེབས་པའི་སྲོལ་རྒྱུན་དང་དེང་རབས་ཞིང་ལས་འཕྲུལ་ཆས་ཟུང་དུ་སྦྲེལ་བའི་རྨོན་འདེབས་བྱེད་སྒོ་སྤེལ།

བྱེད་སྒོའི་ཁྲོད་བྲག་མགོ་རྫོང་ལུའུ་ཁྲོན་ཞིང་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་དང་བྲག་མགོ་རྫོང་ཤྭ་རྭ་ཐང་གྲོང་རྡལ་རེ་ཀུའུ་གྲོང་སྡེ་ཨུ་ལྷན་དང་དཀར་མཛེས་ཁུལ་གྱི་རི་དྭགས་རྒྱ་ཡི་ཁྱད་ལྡན་ཞིང་ལས་ཐོན་རྫས་གསར་སྤེལ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་། བྲག་མགོ་རྫོང་གཞི་མདའ་ཡུལ་ཤོག་གཞི་མདའ་གྲོང་སྡེ་ཨུ་ལྷན། བྲག་

མགོ་རྫོང་སྨི་ཆི་ཆི་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་དང་བྲག་མགོ་རྫོང་མཚོ་མགོ་ཡུལ་ཤོག་ཏེ་དབྱི་ཀྲུའོ་རུའོ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་མཉམ་འབྲེལ་ཚོགས་པའི་འཐུས་མི་ཚོས་ཉོ་སྒྲུབ་གྲོས་མཐུན་བཞག།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་བྲག་མགོ་རྫོང་གིས་འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་བསྡོམས་འབོར་མུའུ་ཁྲི5.5བྱ་རྒྱུའི་འཆར་གཞི་ཡོད་པ་དང་དཔྱིད་ཀའི་རྨོན་འདེབས་ལས་དོན་བདེ་བླག་ངང་སྤེལ་ཆེད་སོན་བཟང་དང་རྨོན་འདེབས་ལེགས་པོ། ཞིང་ས་གཤིན་པོ་ཆ་ཚང་དང་། ཞིང་ལས་འཕྲུལ་ཆས་དང་ཞིང་ལས་ལག་རྩལ་མཉམ་འདྲེས་བཅས་བརྒྱུད་ནས་བརྒྱུད་རིམ་ཧྲིལ་པོར་འཕྲུལ་ཆས་ཅན་དང་གཅིག་སྡུད་ཡུག་སྦྲེལ་གྱི་བྱ་ཐབས་སྤྱད་དེ་ནས་སོན་གསོ་སྤེལ་རྟེན་གཞི་མུའུ་ཁྲི2བསྐྲུན་ཅིང་ནས་ཀྱི་ཐོན་སྐྱེད་ཆེ་བའི་དཔེ་སྟོན་རྫོང་འཛུགས་པའི་ལེའུ་གསར་པ་གཏོད་རྒྱུ་རེད།