༄༅།། ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཆེད་དུ་སི་ཁྲོན་ཧྭ་གློག་ལྕགས་ཟམ་ཆུ་གློག་ཚད་ཡོད་སྤྱི་གཉེར་ཁང་ཧའེ་ལྷད་མེད་ཐོན་ལས་འབྲེལ་ཐག་ཧྲིལ་པོ་བཀོལ་སྤྱོད་ཞིབ་འཇུག་ཚོད་ལྟ་ཁང་དུ་ཕེབས་ནས་ཧའེ་ལྷད་མེད་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་དངོས་སུ་རྟོག་ཞིབ་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་སྐབས་བཅུ་གཉིས་པར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏིག་བྱེད་ཅིང་། ཞིང་ཆེན་ཡོངས་ཀྱི་སྔར་ལྷག་གིས་ཧའེ་ལྷད་མེད་ཀྱི་ཐོན་ལས་འབྲེལ་ཐག་ཧྲིལ་པོ་འཕེལ་རྒྱས་དང་ཁྱབ་གདལ་བཀོལ་སྤྱོད་ལ་སྐུལ་བའི་ལས་དོན་གྲོས་ཚོགས་ཀྱི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། རང་སྤུས་ལ་དམིགས་ཤིང་གོ་སྐབས་འཕྲོག་འཛིན། འཕེལ་ཕྱོགས་དང་བསྟུན་ནས་ཧའེ་ལྷད་མེད་ཐོན་ལས་ལག་རྩལ་གསར་སྤེལ་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་ཧའེ་ལྷད་མེད་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།
༄༅།། ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན། ཏང་ཚན་ཁག་གི་ཧྲུའུ་ཅི་ཧྥུང་ཧྥ་ཀུའེ་ཡིས་ཁུལ་སྲིད་གཞུང་ཏང་ཚན་ཁག་གི2024ལོའི་རྒྱས་འཛོམས་གྲོས་ཚོགས་ཐེངས་ལྔ་པ་གཙོ་སྐྱོང་གནང་སྟེ། ཏང་གི་སྒྲིག་ལམ་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གསུང་བཤད་གལ་ཆེན་དང་མཆན་བཀོད་གལ་ཆེན་གྱི་དགོངས་དོན་དང་། དེ་བཞིན་ཀྲུང་དབྱང་དང་ཞིང་ཆེན་ཏང་སྐྱོང་མགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས། ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་དང་ཁུལ་ཨུ་ཏང་སྐྱོང་མགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་བཅས་ཀྱི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་ཅིང་། 《ཁུལ་སྲིད་གཞུང་གི་མགོ་ཁྲིད་ཚན་པས་ཏང་གི་སྒྲིག་ལམ་སློབ་སྦྱོང་སློབ་གསོའི་ལས་དོན་འཆར་གཞི》ལ་གྲོས་ཞིབ་བྱས་ཤིང་། ལས་དོན་གཙོ་བོ་བཀོད་སྒྲིག་གནང་བ་རེད།།
༄༅།། ཉེ་ཆར། གསར་འགོད་པས་ཞིང་ཆེན་ཆུ་བེད་ཐིང་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་སྤྱི་ཁྱབ་ཆུ་དཔོན་གཞུང་ལས་ཁང་གིས་བརྡ་ཐོ་བཀྲམ་ཏེ། ཞིང་ཆེན་ཡོངས་སུ་སྤྱི་ཟླ4པ་ནས་བཟུང་དུས་ཡུན་ཟླ་བ8རིང་ལ་ཆུ་ལམ་དུ་ཁྲིམས་འགལ་བྱེ་རྡོ་རྐོ་བ་དང་ཆུ་རགས་གཏོར་བཤིག་གཏོང་བའི་ཆེད་དོན་དག་ཐེར་བཅོས་སྐྱོང་བྱ་སྤྱོད་སྤེལ་བའི་ཐག་བཅད་པ་རེད།།