国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་རྒྱལ་ས་གནས་ཁག་གིས་འཛམ་གླིང་དཔེ་ཀློག་ཉིན་མོ་བསུས།

སྤྱི་ཟླ4པའི་ཚེས20ཉིན་ལ། ཡུན་ནན་ཞིང་ཆེན་ཧུང་ཧོ་ཧ་ཉི་རིགས་དང་དབྱིས་རིགས་རང་སྐྱོང་ཁུལ་ཀོ་ཅིའུ་གྲོང་ཁྱེར་དཔེ་མཛོད་ཁང་དུ་གསར་འགོད་པ་ཆུང་ཆུང་ཚོས་དཔེ་དེབ་ཀློག་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཞུའེ་ཡིང་ཡིང་གིས་པར་བླངས།

སྤྱི་ཟླ4པའི་ཚེས20ཉིན་ལ། པེ་ཅིང་གི་རྒྱལ་སྤྱིའི་དཔེ་མཛོད་ཁང་ཞིག་ཏུ་མ་སྨད་གཉིས་ཀྱིས་དཔེ་དེབ་ཀློག་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཚའེ་དབྱང་གིས་པར་བླངས།

སྤྱི་ཟླ4པའི་ཚེས20ཉིན་ལ། བུ་མོ་ཞིག་གིས་ཧྲན་ཏུང་ཞིང་ཆེན་ཙི་པོ་གྲོང་ཁྱེར་ཀའོ་ཆིང་རྫོང་དཔེ་མཛོད་ཁང་དུ་དཔེ་དེབ་ཀློག་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ཝེ་ཐང་གིས་པར་བླངས།

སྤྱི་ཟླ4པའི་ཚེས20ཉིན་ལ། ཕྲུ་གུ་དང་ཁྱིམ་མིས་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་དཔེ་ཆ་གྲོང་ཁྱེར་བྱིས་པའི་ཆེད་དེབ་ཁུལ་དུ་དཔེ་དེབ་ཉོ་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཁྲེང་ཆི་པའོ་ཡིས་པར་བླངས།

སྤྱི་ཟླ4པའི་ཚེས20ཉིན་ལ། ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་གྱི་དམངས་ཡོངས་ཀྱིས་དཔེ་ཆ་ཀློག་པའི་དུས་ཆེན་སྐབས་བཅུ་བཞི་པ་ཅི་ནན་གྲོང་ཁྱེར་དཔེ་མཛོད་ཁང་དུ་སྤེལ་འགོ་བཙུགས། སློབ་མ་ཚོ་དཔེ་ཀློག་དུས་ཆེན་དུ་དཔེ་དེབ་བརྗེ་བའི་བྱེད་སྒོར་ཞུགས་པའི་ཚུལ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲུའུ་ཀྲེང་གིས་པར་བླངས།

སྤྱི་ཟླ4པའི་ཚེས20ཉིན་ལ། ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་གྱི་དམངས་ཡོངས་ཀྱིས་དཔེ་ཆ་ཀློག་པའི་དུས་ཆེན་སྐབས་བཅུ་བཞི་པ་ཅི་ནན་གྲོང་ཁྱེར་དཔེ་མཛོད་ཁང་དུ་སྤེལ་འགོ་བཙུགས། ཕྲུ་གུ་ཚོས་དཔེ་ཀློག་དུས་ཆེན་དུ་སྲོལ་རྒྱུན་པར་འདེབས་ལག་རྩལ་མྱོང་རོལ་བྱེད་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲུའུ་ཀྲེང་གིས་པར་བླངས།

འཛམ་གླིང་དཔེ་ཀློག་ཉིན་མོ་སྐབས་ཉེར་དགུ་པ་འཆར་བའི་སྐབས་དང་བསྟུན་ནས་ས་གནས་ཁག་གིས་དཔེ་ཀློག་གཙོ་དོན་བྱེད་སྒོ་ཕུན་སུམ་ཚོགས་པ་སྤེལ་ནས་དམངས་ཡོངས་ཀྱིས་དཔེ་ཆ་བཀླག་པར་བསྐུལ་ཏེ་ཤེས་དཔལ་གྱི་དར་སྲོལ་བཟང་པོའི་ཁོར་ཡུག་བསྐྲུན་པ་རེད།