国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྤྱི་ཟླ་བཞི་པའི་ཁམས་བྲག་མགོ།། དུས་ཚིགས་ཀུན་ལས་ལྷག་ཏུ་མཛེས།།

སྤྱི་ཟླ་བཞི་པར་བྲག་མགོ་རྫོང་གི་གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན་ནས་དཔྱིད་འགོ་མེ་ཏོག་བཞད་པའི་དུས་ལ་སླེབས་ཤིང་། ཁམ་བུའི་མེ་ཏོག་གི་མཛེས་སྡུག་རེ་རེས་བྲག་མགོ་རྫོང་གི་དཔྱིད་དཔལ་ལ་འཆོར་སྒེག་བསྣན་པ་རེད། བྲག་མགོ་རྫོང་ནི་དཀར་མཛེས་ཁུལ་གྱི་བྱང་རྒྱུད་དུ་ཆགས་ཤིང་། ཤར་དུ་རྟའུ་རྫོང་དང་ནུབ་བྱང་དུ་དཀར་མཛེས་རྫོང་། ལྷོ་ནུབ་ཏུ་ཉག་རོང་རྫོང་དང་བྱང་ཕྱོགས་སུ་གསེར་རྟ་རྫོང་། བྱང་ཤར་དུ་རྔ་བའི་འཛམ་ཐང་རྫོང་། ཆུ་ཆེན་རྫོང་བཅས་ཀྱི་འབྲེལ་མཚམས་སུ་ཆགས་ཡོད། རྫོང་གནས་ཡུལ་གྱི་མཚོ་འཕགས་སྨི3250ཡོད། རང་ཁུལ་གྱི་ཞིང་མ་འབྲོག་གི་ས་ཁུལ་ཆེས་དམིགས་བསལ་ཅན་གྱི་ས་ཆ་ཡིན། རྫོང་འདི་ནི་མི་རྣམས་ཀྱི་ཡིད་དབང་འཕྲོག་པའི་ཡུལ་སྐོར་གནས་མཆོག་ཅིག་ཡིན་ལ། གངས་རི་དང་རྩྭ་ཐང་། གྲོག་རོང་དང་ནགས་ཚལ། རྩི་ཤིང་དང་སྲོག་ཆགས་སོགས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པས། ས་དེ་གར་ཁྱེད་ཀྱིས་རང་བྱུང་ཆེན་མོའི་སྣོད་བཅུད་ཀྱི་མཛེས་སྡུག་དང་ཁྲོན་ནུབ་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་མྱོང་རོལ་ཐུབ་པ་རེད།།