༄༅།། ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་རོང་བྲག་རྫོང་དུ་ཁུལ་ཨུའི་བོད་བརྒྱུད་ནང་བསྟན་ཆེད་དོན་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ། རོང་བྲག་རྫོང་དང་བརྒྱད་ཟིལ་རྫོང་། ལྕགས་ཟམ་རྫོང་བཅས་ཀྱི་ཆེད་དོན་སྙན་སེང་ལ་གསན་པ་དང་། ཁོང་གིས་ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་རྒྱུན་འཁྱོངས་ཏེ། དགོན་པ་དོ་དམ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགན་འཁྲི་འཁུར་སེམས་དང་རང་རྟོགས་རང་བཞིན་ཆེ་རུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།།
༄༅།། ཉེ་ཆར། དཀར་མཛེས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ་དང་མཉམ་དུ་ཕྱུག་པོར་ཡོང་བའི་ཚོད་ལྟའི་རྫོང་སྐྲུན་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ཕྱག་ཕྲེང་རྫོང་དུ་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ལི་ཅུན་ཚོགས་འདུར་ཞུགས་པར་མ་ཟད། གསུང་བཤད་གནང་བ་རེད།།
༄༅།། ཉེ་ཆར། ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པ་དར་མདོར་འཚོགས་ཤིང་། ཚོགས་འདུར་རྒྱལ་ཡོངས་ཀྱི་ཐོ་འགོད་སྙན་སེང་ཞིབ་བཤེར་ལས་དོན་བཞུགས་མོལ་ཚོགས་འདུའི་སྙིང་དོན་དང་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་སྙིང་དོན་བརྒྱུད་བསྒྲགས་བྱས་པ་དང་། 2023ལོའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་སྙན་སེང་ཞིབ་བཤེར་ལས་དོན་སྐོར་གྱི་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་སྙན་སེང་དང་ཁུལ་མི་དམངས་སྲིད་གཞུང་གི་ལོ་ལྔའི་ཁྲིམས་ལུགས་ཁྱབ་གདལ་བརྒྱད་པའི་དུས་དཀྱིལ་ལས་དོན་སྐོར་གྱི་གནས་ཚུལ་སོགས་ལ་ཉན་འཇོག་བྱས་ཏེ། ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་སེང་དང་འབྲེལ་ཡོད་མི་དོན་བསྐོ་འཐེན་གྱི་གྲོས་གཞིར་གྲོས་ཞིབ་དང་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།།