རྩོམ་སྒྲིག་པའི་གཏམ།
སྤྱི་ཟླ3པའི་ཚེས15ཉིན་ལ་པར་དུ་བསྐྲུན་པའི《སློབ་སྦྱོང་ཚགས་པར》གྱི་པར་ངོས་བཞི་པར་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གི་མིང་འགོད་པའི་རྩོམ་ཡིག་སྟེ། 《དཀར་མཛེས་ཁུལ་དུ་ལོ་རྒྱུས་ཀྱིས་བྲིས་པའི་ཤོག་ལྷེ་ངོ་མཚར་བས་ཁེངས།》བཀོད་ཡོད། འདིར་རྩོམ་ཡིག་ཆ་ཚང་བསྒྱུར་ནས་བཀོད་ཡོད།
དཀར་མཛེས་ཁུལ་ནི་དྭངས་ཤིང་གཙང་ལ་མཛེས་སྡུག་ལྡན་པའི་ས་ཆ་ཞིག་སྟེ། དེ་ན་རི་ཀླུང་མཚར་སྡུག་གི་རྔམ་བརྗིད་མངོན་ལ། མིའི་རིག་གནས་ཀྱི་འོད་ཟེར་རྣམ་པར་འཚེར། ལ་ཐོག་ལ་བཞག་ཅིང་རི་རྒྱབ་རི་ལངས་པའི་རི་བོ་འཕྲེད་རྒྱུག་མདོ་དབུས་མཐོ་སྒང་དང་ཁྲོན་ནུབ་ཀླུང་ཐང་གི་བར་འཕྲེད་དུ་ཆགས་ཤིང་ས་ཆུ་རི་གསུམ་གྱི་སྐས་རིམ་དུ་ཆགས་ཤིང་མི་རིགས་མཉམ་འདྲེས་ཀྱི་བར་ཁྱམས་སུ་གྱུར། ལོ་ཟླའི་འགྲོས་རྒྱུག་དང་བསྟུན་ནས་ཁྲག་རྩ་དྲོན་མོར་ལྷུག་ཡངས་དཔའ་སྙེམས་ཀྱི་རྒྱུན་སིམ་ཞིང་། དུས་རབས་བརྗེ་རེས་དང་བསྟུན་ནས། གསེར་མདངས་རུས་རྐང་དུ་ལས་བརྩོན་བག་ཆགས་ཀྱི་རྩི་ཡང་ཐིམ།
ས་ཆ་དྭངས་ཤིང་གཙང་།།
ཡུལ་ལུང་མཛེས་ཤིང་སྡུག།
མཚོ་བོད་མཐོ་སྒང་རིམ་པར་ཡར་འབུར་བའི་བརྒྱུད་རིམ་དུ། ཤར་ལྷོའི་མཐའ་རུ་གནས་པའི་དཀར་མཛེས་མཐོ་སྒང་དུ་ལོ་ངོ་སྟོང་ལོན་པའི་གངས་རྒན200ལྷག་དང་གནའ་བོའི་འཁྱགས་ཀླུང70ལྷག་ཆགས་ཡོད། ཡུལ་འདི་ནི་འགྲོ་བ་མི་གནས་སྤོ་འགྲོ་སྐྱོད་ཀྱི་ས་ཁོངས་གལ་ཆེན་ཞིག་ཡིན་ཞིང་། ལོ་ཟླའི་སྨྲ་བ་ཆད་ཀྱང་རྡོ་ཡིས་སྐད་ཆ་བཤད་ཐུབ་ཅེས་པ་ལྟར། 2021ལོར་འདབ་པའི་ཕན་རོགས་གནའ་ཤུལ་རྙེད་པ་ལས་ཀྲུང་གོ་དང་ཤར་ཨེ་ཤ་ཡ་གླིང་གི་ས་ཁུལ་དུ་ཨ་ཧྲི་ལིའི་ལག་རྩལ་མ་ལག་གི་སྟོང་ཆ་བསྐངས་ཤིང་། ནུབ་ཕྱོགས་རིག་པ་བའི“མོ་ཝེ་སིའི་འོལ་ཚོད”གཏོར་ཏེ། དཀར་མཛེས་ཁུལ་གྱི་ལོ་རྒྱུས་འབྱུང་ཁུངས་ལོ་འབུམ་གཅིག་ཁྲི་གསུམ་ལས་མི་ཕྱིས་པའི་སྔོན་དུ་བདས་ཡོད། རྡོ་སྐད་ཆ་འཆད་ཤེས་མཁན་དེ་ཚོས་ཨ་ཧྲི་ལིའི་ལག་རྩལ་མ་ལག་ཁྱབ་འགྲེམ་གྱི་ལམ་ཕྱོགས་བཙུགས་ཟིན་ལ། ཤར་ཕྱོགས་ཀྱི་སྔ་དུས་འགྲོ་བ་མིའི་རིག་གནས་ནུབ་ཕྱོགས་ལས་རྗེས་ལུས་ཐེབས་ཡོད་ཅེས་པའི་རིག་གཞུང་འདོད་ཚུལ་དེ་ཕྱོགས་རེས་བ་ཁོ་ན་ཡིན་པ་མཚོན་ཐུབ་ཡོད།
(པར་ངོས་གཉིས་པར་གཟིགས།)