国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་བྲག་མགོ་རྫོང་གི་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག།

སྙིང་སྟོབས་དར་སྤེལ་དང་འགན་འཁྲི་དངོས་སྒྲུབ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ནས་དཀར་མཛེས་ཁུལ་བྱང་རྒྱུད་གྱི་ཉམས་འགྱུར་གསར་པ་བཏོན་ནས་བརྟན་བརླིང་འཕེལ་རྒྱས་ཀྱི་ལེའུ་གསར་པ་བསྐྱར་དུ་འབྲི་དགོས་ཞེས་གསུངས།

སྤྱི་ཟླ4པའི་ཚེས28ནས་ཚེས29ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་བྲག་མགོ་རྫོང་དུ་བསྐྱོད་དེ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་འཚོ་སྐྱོང་ཞབས་སྐྱོར་ལས་དོན་ལ་དམིགས་ནས་བརྟག་ཞིབ་གནང་བར་མ་ཟད། འབྲེལ་ཡོད་ལས་དོན་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་བྲག་མགོ་རྫོང་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་བའི་དམིགས་འབེན་དང་ལས་འགན།བསམ་ཕྱོགས་བྱ་ཐབས་བཅས་ལ་ཞིབ་འཇུག་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐར་ཕྱིན་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་རྒྱལ་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་ཞིང་ཆེན་ཏང་ཨུའི་འཕེལ་རྒྱས་འཐབ་ཇུས་ལ་གཞིགས་ནས་ཁུལ་ཨུའི་སྤྱི་ཡོངས་ཀྱི་ལས་ཀའི་རྣམ་པར་དམིགས་ཏེ་སྙིང་སྟོབས་དར་སྤེལ་དང་།འགན་འཁྲི་དངོས་སྒྲུབ། མཐུན་སྒྲིལ་འབད་འཐབ་དང་ལས་བརྒལ་ཕོད་པ་བཅས་བྱས་ནས་དཀར་མཛེས་ཁུལ་བྱང་རྒྱུད་ཀྱི་ཉམས་འགྱུར་གསར་པ་བཏོན་ནས་བརྟན་བརླིང་འཕེལ་རྒྱས་ཀྱི་ལེའུ་གསར་པ་བསྐྱར་དུ་བྲིས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་འབྲི་བར་བྱས་རྗེས་དེ་བས་ཆེན་པོ་འབུལ་དགོས་ཞེས་ནན་གསུང་གནང་།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ལི་ཅུན་ཚོགས་འདུར་ཞུགས།

བྲག་འགོ་རྫོང་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོས་ལས་ཀ་སྙན་སེང་ཞུས་པ་རེད།། (ལྷ་འཛོམས་ཀྱིས་བསྒྱུར།)