国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལྔ་གཅིག་གུང་གསེང་རིང་ལྕགས་ཟམ་རྫོང་དུ་ཡུལ་སྐོར་བའི་འདུ་ལོང་འཚུབ།

དམར་དམག་གིས་ལྕགས་ཟམ་མྱུར་འཕྲོག་བྱས་པའི་དྲན་གསོ་ཁང་གི་འགྲེལ་བཤད་པས་ཡུལ་སྐོར་བར་འགྲེལ་བཤད་བྱེད་བཞིན་པ།

ཁྲེང་ཏུའུ་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ལི་ལགས་ལྕགས་ཟམ་རྫོང་དུ་ཐོན་མ་ཐག། འདི་ན་རི་བོ་སྔོན་ཞིང་ཆུ་བོ་དྭངས་པ་དང་། ཁོར་ཡུག་བཟང་ལ་མཁའ་རླུང་གཙང་བ། ཡུལ་ལྗོངས་མཛེས་པའི་རྣམ་པར་བསྔགས་བརྗོད་ཚད་མེད་བྱས། ལྔ་གཅིག་གུང་གསེང་གི་ཉིན་དང་པོའི་ཉིན་གུང་དུས་ཚོད12བར། ལྕགས་ཟམ་རྫོང་དུ་ཡུལ་སྐོར་འོངས་མཁན་མི་ཁྲི2.17ལ་ཟིན་ཡོད།

གསར་བརྗེའི་གྲོང་གི་ལྕགས་ཟམ་ནི་བཟོ་སྐྲུན་མཛེས་ལ་རྫིག་ཉམས་ལྡན་པ་ཞིག་ཡིན། ཟམ་པ་དེ་ནི་ལྕགས་ཐག་སྦོམ་ལ་རིང་པ13འཕྲད་དུ་བརྐྱངས་བའི་སྟེང་ཤིང་ལེབ་བཏིང་ཡོད་པ་དང་། མཚམས་མཚམས་སུ་རླུང་བུ་ལྡང་དུས། རྒྱལ་མོ་རྔུལ་ཆུའི་རྦ་རླབས་གོང་དུ་འཕྱོ་བ་དང་། ཟམ་པའི་སྟེང་དུ་འགྲོ་དུས་གཡས་གཡོན་དུ་གཡོ་འགུལ་བྱེད་བཞིན་ཡོད། སྐབས་དེར་སྔོན་ཆད་དམར་དམག་གིས་ལྕགས་ཟམ་མྱུར་འཕྲོག་བྱས་པའི་དཔའ་ངར་དངོས་སུ་མྱོང་ཐུབ་པ་དང་། དྲང་བདེན་དང་མི་དམངས་ཀྱི་ཆེད་དུ་ཚེ་སྲོག་གཏོང་ཕོད་པའི་དམག་འཁྲུག་གི་ལོ་ཟླ་དེ་དག་ཡང་བསྐྱར་མིག་མདུན་དུ་འཆར་ཐུབ། དུས་ཚོད་ཀྱི་དཔང་པོ་བྱེད་ཆོག་པའི་དཔའ་བོ་ཚོས་དཔའ་ངར་ལྡན་པའི་ལྕགས་ཟམ་མྱུར་འཕྲོག་བྱས་པའི་གཏམ་རྒྱུད་དེ་ནི་གསར་བརྗེ་ཐོན་ཁུངས་རྩ་ཆེན་ཞིག་ཡིན་ལ་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཀྱང་རེད།

ལྕགས་ཟམ་རྫོང་དུ་ཡུལ་སྐོར་འགྲོ་རྒྱུ་ནི་ང་ཚོའི་འདོད་མོས་དང་རེ་སྒུག་ཡིན། སྔོན་ཆད་སློབ་དེབ་ནང་དམར་དམག་གིས་ལྕགས་ཟམ་མྱུར་འཕྲོག་བྱས་པའི་ལོ་རྒྱུས་སྦྱངས་མྱོང་བ་ལས་ལྕགས་ཟམ་རྫོང་དུ་དངོས་སུ་ཐོན་མ་མྱོང་། ད་ཐེངས་ཆེད་དུ་ཡོང་བ་ཡིན་ཞེས་ཁྲུང་ཆིང་ནས་ཡོང་བའི་ཡུལ་སྐོར་བ་ཞའོ་ཧོང་གིས་དེ་ལྟར་བཤད།

ད་ལོར་ང་ཚོས་ཟམ་པའི་ཐོག་འགྲོ་འོང་མི་གྲངས་ཚོད་འཛིན་བྱས་ནས་ཐེངས་རེར་མི80ལས་བརྒལ་མི་ཆོག་པ་དང་།ཕྱོགས་གཅིག་ནས་འགྲོ་འོང་བྱེད་པ་སྟེ་ཟམ་པའི་ཤར་དང་ཟམ་པའི་ནུབ་ངོས་ཀྱི་གཞོགས་གཉིས་ནས་ཡུལ་སྐོར་བ་བརྗེ་རེས་བྱས་ཏེ་འགྲོ་འོང་བྱེད་པ་ཡིན་ཞེས་ལྕགས་ཟམ་ལྗོངས་ཁུལ་གྱི་ལས་དོན་མི་སྣས་གསར་འགོད་པར་དེ་ལྟར་ངོ་སྤྲོད་བྱས།

ང་ཚོས་མེས་པོ་ཚོས་དཀའ་ངལ་དང་ཉེན་ཁ་མང་པོ་ཁྱད་དུ་བསད་ནས་གསར་བརྗེར་གྲུབ་འབྲས་ཐོབ་པ་དང་། ད་ལྟའི་བདེ་སྐྱིད་འཚོ་བ་ནི་ལས་སླ་པོ་ངང་ཐོབ་པ་ཞིག་མ་ཡིན་པ་ཤེས་ཡོད་ཅེས་ཏ་ཀྲོའུ་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ཝུན་ལགས་ཀྱིས་དེ་ལྟར་བཤད།

ཡུལ་སྐོར་བར་མྱོང་ཚོར་སྔར་བས་ཟབ་མོ་ཡོང་ཆེད།ལྔ་གཅིག་གུང་གསེང་རིང་ང་ཚོས་འོས་འགན་འགྲེལ་བཤད་དང་།གནས་གཏན་ཁེལ་གྱི་བློ་འདྲི་ཡུལ།དྲིལ་བསྒྲགས་ཡིག་དེབ་བཅས་བཀྲམས་ནས་ལྟ་སྐོར་དུ་ཕེབས་པའི་ཡུལ་སྐོར་བར་ཞབས་ཞུ་མཁོ་འདོན་གང་ལེགས་བྱེད་ཀྱི་ཡོད་ཅེས་དམར་དམག་གིས་ལྕགས་ཟམ་མྱུར་འཕྲོག་བྱས་པའི་དྲན་གསོ་ཁང་གི་འགྲེལ་བཤད་པ་དབྱང་ལིང་ལིང་གིས་དེ་ལྟར་བཤད།།

(སྐལ་བཟང་རྒྱ་མཚོས་བསྒྱུར།)