国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






“ལྔ་གཅིག”གུང་གསེང་རིང་རང་ཁུལ་གྱིས་ཡུལ་སྐོར་བ་ཁྲི124.36ལ་སྣེ་ལེན་བྱས།

“ལྔ་གཅིག”གུང་གསེང་རིང་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་དཀར་མཛེས་ཁུལ་དུ་ཡུལ་སྐོར་ལ་ཡོང་ནས་ལྗོངས་ཁུལ་ཆེ་གྲས་ཁག་ཏུ་ཡུལ་སྐོར་བའི་འཚང་ཁ་ཧ་ཅང་ཆེ། ལྗོངས་ཁུལ་ཡོངས་ཀྱིས་ཞབས་ཞུ་ཡག་པོ་བསྒྲུབས་ནས་ཡུལ་སྐོར་ཁྲོམ་ར་ཉེན་མེད་དང་གོ་རིམ་ལྡན་པ་ཞིག་བསྐྲུན་ཡོད།

“ལྔ་གཅིག”གུང་གསེང་རིང་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་ཁྲི124.36ལ་སྣེ་ལེན་བྱས་ནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར13.68མངོན་འགྱུར་བྱུང་ཡོད། 2023ལོ་ལས་བརྒྱ་ཆ14.77དང་བརྒྱ་ཆ14.85སོ་སོར་འཕར་ཡོད་པ་རེད། ཕྱི་ཕྱོགས་ལ་སྒོ་ཕྱེ་བའིAརིམ་པའི་ལྗོངས་ཁུལ89ཡིས་ཁྱོན་ཡུལ་སྐོར་བ་ཁྲི37.03སྣེ་ལེན་བྱས་ནས་སྒོ་འཛིན་ཡོང་འབབ་སྒོར་ཁྲི744.36ལ་ཟིན་པ་རེད། དེའི་ནང་། དུང་དཀར་ལུང་པའི་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི0.97ལ་སྣེ་ལེན་བྱས། འདབ་པའི་ཉི་སྟེན་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི2.43ལ་སྣེ་ལེན་བྱས། ལྕགས་ཟམ་ཁའི་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི5.14ལ་སྣེ་ལེན་བྱས། དམུ་རྒོད་མཚོ་ལྗོངས་ཁུལ་གྱིས་

ཡུལ་སྐོར་བ་ཁྲི2.96ལ་སྣེ་ལེན་བྱས། གསེག་རི་གླིང་ག་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི3.02ལ་སྣེ་ལེན་བྱས། རོང་བྲག་བརྒྱ་རྒྱུད་བོད་གྲོང་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི2.58ལ་སྣེ་ལེན་བྱས། ལི་ཐང་གནའ་གྲོང་ལྗོངས་ཁུལ་གྱིས་ཁྱོན་ཡུལ་སྐོར་བ་ཁྲི2.41ལ་སྣེ་ལེན་བྱས། གོང་གིAརིམ་པའི་ལྗོངས་ཁུལ་བདུན་གྱིས་ཁྱོན་ཡུལ་སྐོར་བ་ཁྲི19.51ལ་སྣེ་ལེན་བྱས་པ་དང་ཁུལ་ཡོངས་ཀྱིAརིམ་པའི་ལྗོངས་ཁུལ་གྱི་སྣེ་ལེན་བསྡོམས་འབོར་གྱི་བརྒྱ་ཆ52.69ལ་ཟིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། “ལྔ་གཅིག”གུང་གསེང་རིང་ཡུལ་སྐོར་བ་བསུ་ཆེད་རང་ཁུལ་གྱི་ལས་ཁུངས་ཁག་གིས་རིག་གནས་ཡུལ་སྐོར་ཁྲོམ་རའི་ཉེན་མེད་ཐོན་སྐྱེད་དང་ཁྲོམ་རའི་སྒྲིག་ལམ་དོ་དམ་ལ་ཤུགས་སྣོན་འབད་བརྩོན་བྱས་པར་བརྒྱུད། ཉེན་མེད་དང་གོ་རིམ་ལྡན་པའི་ཡུལ་སྐོར་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཡོད་པ་རེད། (ཡེ་ཤེས་ཀྱིས་བསྒྱུར།)