ཉེ་ཆར། སི་ཁྲོན་ཞིང་ཆེན་ས་གཤིས་གནོད་འཚེ་བཀོད་འདོམས་པུའུ་ཡིས2023ལོའི་ལོ་འཁོར་གྱི་སི་ཁྲོན་ཞིང་ཆེན་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་གྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་བྱས་ཤིང་། དེའི་ནང་རང་ཁུལ་གྱི་ཐུན་མོང12དང་མི་སྒེར17ལ་གཟེངས་བསྟོད་ཐོབ་པ་རེད།
ལས་ཀའི་བྱ་ཐབས་ཏན་ཏིག་དང་འགོག་བཅོས་ཀྱི་ཕན་འབྲས་ལ་བརྟེན་ནས་འདས་ཟིན་པའི་ལོ་ཟླའི་ནང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་ཤུགས་ཡོད་རྒུས་འགན་སྲུང་བྱས་པ་དང་།། ད་ལོར་ཡང་རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲུབ་འགོག་གནོད་སེལ་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་གྱི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱེད་པ་དང་།རང་ཁུལ་གྱི་འབྲུབ་འགོག་གནོད་སེལ་དང་།ས་གཤིས་གནོད་འཚེ་འགོག་བཅོས་ཀྱི་གནས་བབ་ལ་སྔར་བས་དབྱེ་ཞིབ་དང་ཞིབ་དཔྱད་ཡང་དག་དང་། འཕེལ་རྒྱས་དང་ཉེན་མེད་གཅིག་གྱུར་འཆར་འགོད་སྔར་བས་ལེགས་པར་བྱས་ནས་ཉེན་མེད་ཀྱི་མཐིལ་ཚད་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་འཚོགས་པའི2024ལོའི་ཁུལ་ཡོངས་ཀྱི་འབྲུབ་འགོག་དང་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག2023ལོའི་དཀར་མཛེས་ཁུལ་གྱི་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་གྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བརྗོད་བརྡ་ཁྱབ་བཏང་བ་རེད།། (བདེ་སྐྱིད་ཀྱིས་བསྒྱུར།)
