国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་ཀ།

དཔྱིད་རླུང་འཇམ་པོ་གནམ་སའི་བར་དུ་ལྡང་།།

གསར་སྐྱེས་ལྗོན་པའི་མགོ་ལྕོག་ལྡེམ་ལྡེམ་གཡོ།།

འདབ་ཆགས་ཡོངས་ཀྱིས་ཀྱུར་ཀྱུར་སྐད་ཅོར་སྨྲ།།

ཤིན་ཏུ་སྐྱིད་པའི་ཚུལ་གྱིས་ནམ་མཁར་འཕུར།།

རི་ཚོགས་སྒང་གཤོང་སྨུག་སྤྲིན་ཡོལ་བ་འཐེན།།

རི་སྐྱེས་སྣ་ཚོགས་བག་ཡངས་རྩེད་འཇོར་རོལ།།

ཤག་ཤག་དྭངས་གཙང་ཆུ་བོ་དལ་གྱིས་བཞུར།།

ཆུ་ནང་གསེར་མིག་ཉ་ཚོགས་ལྷོད་ཀྱིས་འཁྱུག།

ས་གཞི་སྒེག་མོའི་བྲང་གཞུང་ཆར་གྱིས་བརླན།།

ལྗང་མདོག་ས་གཞིའི་ཕང་ནས་མེ་ཏོག་བཞད།།

རྐང་དྲུག་བུང་བའི་ཁྱུ་ཡིས་དགྱེས་མགུར་ལེན།།

རྩེན་འདོད་ཡིད་ཀྱི་མདའ་མོ་སྤང་གཞུང་སིམ།།

འཁོར་བའི་མི་ཡི་སེམས་པ་དགའ་བས་ཁེངས།།

ལྷོད་ཆགས་ཞི་བའི་ཉམས་སྣང་སྣ་ཚོགས་འཆར།།

༼ འཇོ་མདའ་པདྨ། ༽