国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






2024ལོའི་དར་མདོའི་བཞི་པའི་ཚེས་བརྒྱད་ཉིན་གྱི་དམངས་སྲོལ་རིག་རྩལ་འཁྲབ་སྟོན་ གྱི་པར་རིས་བདམས་བཀོད།

སྤྱི་ཟླ5པའི་ཚེས15ཉིན་ཏེ་བོད་ཟླ་བཞི་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར། ཀྲུང་གུང་དར་མདོ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་གཉེར་བྱས་ཤིང་། དར་མདོ་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་དར་མདོ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས། དར་མདོ་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས། དཀར་མཛེས་ཞིང་ཚོང་དངུལ་ཁང་བཅས་ཀྱིས་སྒྲུབ་འགན་འཁུར་བ་དང་། མདོ་གྲོང་སྲང་ལམ་དོན་གཅོད་ཁང་། གུ་དྲག་གྲོང་རྡལ་མི་དམངས་སྲིད་གཞུང་། ལྷ་སྒང་གྲོང་རྡལ་མི་དམངས་སྲིད་གཞུང་། ས་བདེ་གྲོང་རྡལ་མི་དམངས་སྲིད་གཞུང་། སྐྱིད་ཐང་གྲོང་རྡལ་མི་དམངས་སྲིད་གཞུང་བཅས་ཀྱིས་རོགས་གཉེར་བྱས་པའི2024ལོའི་དར་མདོ་གདན་ཐོག་རི་བོའི་གནས་སྐོར་འདུ་ཚོགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་དམངས་སྲོལ་རིག་རྩལ་འཁྲབ་སྟོན་དར་མདོའི་མཛའ་གཞས་ཐང་ཆེན་དུ་སྤེལ་བ་རེད།

འཁྲབ་སྟོན་ཐོག་དར་མདོའི་མཛའ་གཞས་རིག་གནས་དང་ལྷ་སྒང་འབྲོག་ཁུལ་རིག་གནས། མི་ཉག་རིག་གནས། འགུ་ཐང་རིག་གནས་བཅས་གཙོ་བོར་བྱས་ཤིང་། གར་སྟེགས་སྟེང་གི་འཁྲབ་སྟོན་དང་མཛེས་ཉམས་ཀྱིས་ཕྱུག་པའི་འཁྲབ་ཚན་སོགས་ངོ་མཚར་ཆེ་བའི་དམངས་སྲོལ་རིག་གནས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་མངོན་པ་རེད།

( རྟ་མགྲིན་དང་ཡེ་ཤེས་ཀྱིས་བྲིས་ཤིང་པར་བླངས།)