འདབ་པ་རྫོང་ཤམ་བྷ་ལ་གྲོང་རྡལ་སྐད་གཉིས་བྱིས་སློབ་ཁང་གིས“རྒྱལ་གཅེས་རིང་ལུགས་ཀྱི་རྒྱལ་སྲུང་སློབ་གསོ”ཡི་བྱེད་སྒོ་སྤེལ།
ཉེ་ཆར། འདབ་པ་རྫོང་དམག་ཁོངས་ནས་ཕྱིར་འཐེན་བྱས་པའི་དམག་མིའི་ལས་དོན་ཅུས་དང་། ཤམ་བྷ་ལ་གྲོང་རྡལ་སྐད་གཉིས་བྱིས་སློབ་ཁང་། བཅའ་སྡོད་དཔུང་སྡེ་བཅས་ཀྱིས་མཉམ་འབྲེལ་ཐོག་འདབ་པ་རྫོང་ཤམ་བྷ་ལ་གྲོང་རྡལ་སྐད་གཉིས་བྱིས་སློབ་ཁང་གི“ རྒྱལ་གཅེས་རིང་ལུགས་ཀྱི་རྒྱལ་སྲུང་སློབ་གསོའི”བྱེད་སྒོ་སྐབས་དང་པོ་སྤེལ།
བྱེད་སྒོར་ཤམ་བྷ་ལ་གྲོང་རྡལ་བྱིས་སློབ་ཁང་དང་རྫོང་དམག་ཁོངས་ནས་ཕྱིར་འཐེན་བྱས་པའི་དམག་མིའི་ལས་དོན་ཅུས། རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་།དམག་སྦྱོང་སློབ་ཁྲིད་དམག་དཔོན་བཅས་ཀྱིས་སྦྱོང་བརྡར་མ་བྱས་གོང་གི་གཏམ་བཤད་བྱས། ཁོ་ཚོས་ད་ཐེངས་ཀྱི་བྱེད་སྒོ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཞིག་ཡིན་པ་དང་ཕྲུ་གུ་ཚོས་ཆུང་དུས་ནས་ཡང་དག་པའི་རིན་ཐང་ལྟ་བ་དང་མི་ཚེའི་ལྟ་བ་བཙུགས་ཏེ་མེས་རྒྱལ་གྱི་ཀ་གདུང་ལྟ་བུར་འགྱུར་རྒྱུའི་རེ་བ་ཡོད་ཅེས་བཤད།
མཇུག་ཏུ་དགེ་རྒན་ཚོས་དམག་རྩལ་སྦྱོང་བརྡར་གྱི་གོ་རིམ་འགོ་བཙུགས་པ་དང་བྱིས་པ་ཚོར་གཞི་རྩའི་དམག་རྩལ་སྦྱོང་བརྡར་བྱ་རྒྱུར་མཛུབ་ཁྲིད་བྱས་ནས་དམག་མིའི་གཟབ་ནན་དང་བློ་བརྟན་འགྱུར་མེད་ཀྱི་གཤིས་རྒྱུད་ཤེས་སུ་བཅུག།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་ཉིན5རིང་སྤེལ་རྒྱུ་ཡིན་ལ། བྱེད་སྒོར་དམག་སྦྱོང་དང་ལུས་སྟོབས་སྦྱོང་བརྡར། གསར་བརྗེ་སློབ་གསོ། ཁྱིམ་གཞིས་མཉམ་སྡེབ་བཅས་སྤེལ་རྒྱུ་ཡིན་ཞིང་། དེ་ནི་སྲོལ་རྒྱུན་གྱི་དམག་སྦྱོང་རྨང་གཞིའི་ཐོག་གཞི་རྒྱུ་གཞན་དག་དང་ཟུང་འབྲེལ་བྱེད་པའི་རྒྱ་སྐྱེད་རྣམ་པ་ཞིག་རེད། འདིའི་དམིགས་ཡུལ་ནི་བྱིས་པའི་སྒྲིག་ཁྲིམས་རང་བཞིན་དང་། ཚོགས་པའི་མཉམ་ལས་སྙིང་སྟོབས། ཐུན་མོང་གི་གཟི་བརྗིད་འདུ་ཤེས། དཔའ་ངར་དང་བློ་བརྟན་འགྱུར་མེད་ཀྱི་གཤིས་རྒྱུད་དང་གཟུགས་པོའི་བྱང་ཚད་བཟང་པོ་བཅས་གསོ་སྐྱོང་བྱ་རྒྱུ་དེ་རེད།།
( ལས་ཞོར་གསར་འགོད་པ་ཚེ་རིང་སྒྲོལ་མ་དང་ཚེ་རིང་གིས་བྲིས། )