国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བྲག་མགོ་རྫོང་རྒྱ་མདའ་སློབ་ཆུང་གིས་སྙན་ངག་གྱེར་འདོན་འགྲན་སྡུར་སྤེལ།

དབྱངས་གསལ་གྱི་དབྱངས་རྟ་སྙན།། ན་ཆུང་གི་འཛུམ་ཆུང་ཡག། ཉེ་ཆར།སློབ་མ་སློབ་གླིང་ལ་དགའ་བའི་སྤྲོ་སྣང་ཡར་སྐྱེད་དང་སློབ་མའི་རིག་སྟོབས་ཡར་འཕེལ། ལྷག་པར་དུ་དགེ་སློབ་ཡོངས་ཀྱི་ལྟ་རྒྱ་དང་བློ་རྒྱ་མཐོངས་ཡངས་སུ་ཕྱེ་བ་དང་སློབ་མའི་ཕ་སྐད་གྱེར་ཀློག་དང་རྩོམ་རིག་རིག་གནས་ལ་དགའ་བའི་བསམ་བློ་སྐྱེད་སྲིང་ཡོང་བར་དམིགས་ནས། བྲག་མགོ་རྫོང་རྒྱ་མདའ་སློབ་ཆུང་གིས༼ དབྱངས་གསལ་གྱི་འགྱུར་ཁུགས༽ ཞེས་པའི་སྙན་ངག་གྱེར་འདོན་འགྲན་སྡུར་སྤེལ།

ཐེངས་འདིའི་བྱེད་སྒོ་ནི་བྲག་མགོ་རྫོང་རྒྱ་མདའ་སློབ་ཆུང་གི་བོད་ཡིག་དགེ་རྒན་རྣམ་པས་གཙོ་འགན་དང་གྲ་སྒྲིག་བྱས་ཤིང་མཐུན་རྐྱེན་བསྐྲུན་ནས་ལོ་རིམ་སོ་སོའི་འཛིན་གྲྭ་ཡོངས་འགྲན་སྡུར་ལ་ཞུགས་ཤིང་། ལོ་རིམ་རེར་ཨང་དང་པོའི་འཛིན་གྲྭ་གཅིག་བདམས་ཏེ་བྱ་དགའ་སྤྲད།།

( ལོ་ཤུལ་བཀྲ་ནོར་གྱིས་བྲིས་ཤིང་མགོན་པོ་ཚེ་རིང་གིས་པར་བླངས། )