国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས2024ལོའི་རྒྱལ་ཡོངས་ནུས་སྲིའི་དྲིལ་བསྒྲགས་གཟའ་འཁོར་གྱི་གཙོ་དོན་བྱེད་སྒོ་སྤེལ་འགོ་ཚུགས།

ཉེ་ཆར། དཀར་མཛེས་ཁུལ་གྱིས“ལྗང་མདོག་རྣམ་སྒྱུར་དང་ནུས་སྲིའི་འགག་གཏོར”ཞེས་པ་གཙོ་དོན་བྱས་པའི་རྒྱལ་ཡོངས་ནུས་སྲིའི་དྲིལ་བསྒྲགས་གཟའ་འཁོར་ཐེངས34པའི་བྱེད་སྒོ་དེ་འབོ་ཞབས་གྲོང་རྡལ་གངས་དཀར་ཐང་ཆེན་དུ་སྤེལ་བ་རེད།

བྱེད་སྒེ་དེ་ཁུལ་རིམ་པའི་ལས་ཁུངས་ལས་དོན་དོ་དམ་ཅུས་དང་གུང་གཞོན་ཚོགས་པ་དཀར་མཛེས་ཁུལ་ཨུ། དུང་དཀར་ལུང་པའི་ལྗོངས་ཁུལ་དོ་དམ་ཨུ་ལྷན། དཀར་མཛེས་ལས་རིགས་སློབ་གླིང་། དཀར་མཛེས་ཁུལ་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས། དཀར་མཛེས་ཁུལ་གཞོན་ནུ་ལས་དོན་ཨུ་ལྷན་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་རེད། དེའི་དམིགས་ཡུལ་ནི་ཁུལ་ཡོངས་ཀྱི་རིམ་ཁག་སྤྱི་པའི་སྒྲིག་གཞིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། ལྗང་མདོག་ཐྰན་ཉུང་གི་འཕེལ་རྒྱས་འདུ་ཤེས་ཁྱབ་སྤེལ་བྱས་ནས། ཁུལ་ཡོངས་ཀྱི་སྤྱི་པའི་སྒྲིག་གཞི་ལྗང་མདོག་རྣམ་སྒྱུར་ལ་སྐུལ་འདེད་བཏང་བ་རེད།།

(བདེ་སྐྱིད་ཀྱིས་བསྒྱུར།)