ཉིན་ཤས་གོང་། ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་གིས་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཁང་གི་ཉིན་མོར་བསྟུན་ནས་གཙོ་དོན་དུ་རྒྱལ་ཁབ་ཀྱི་ནོར་མཛོད་གེ་སར་གྱི་ཞལ་ཐང་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་གི་ཐོག་རྩེག་དང་པོ་བཤམས་ཤིང་།ཐང་ག་རེ་རེར་གངས་རི་དང་རྩྭ་ཐང་། མཚེའུ་དང་ལྗོན་ཤིང་སོགས་རང་བྱུང་མཛེས་ལྗོངས་ཀྱི་བཀོད་པ་ལེགས་པ་དང་།སྨི་གྲུ་བཞི་མ་ལྔ་ཡས་མས་ཀྱི་རས་གཞིའི་ཐོག་ཏུ་དངོས་གཟུགས་ཉིས་སྟོང་ལྷག་གི་རི་མོ་བྲིས་ཡོད་པས། ལྟད་མོ་བ་ཚང་མས་རང་དབང་མེད་པར་བསྔགས་བརྗོད་ཀྱི་མེ་ཏོག་གཏོར།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་གིས་སློབ་གསོ་དང་ཞིབ་འཇུག་ལ་བརྩོན་པ་བྱ་རྒྱུའི་གཙོ་དོན་ལ་དམིགས་ནས་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་གི་སློབ་ཞོར་སློབ་ཚན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རང་ཁུལ་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་བསྐངས་བ་རེད།།
(ལྷ་འཛོམས་ཀྱིས་བསྒྱུར།)