国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་གྱིས་འཕེལ་རྒྱས་ལག་ལེན་གསར་པར་ཁྲིད་སྟོན་བྱ་དགོས། (གསུམ།)

ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་འཕེལ་རྒྱས་ཇི་ལྟར་གཏང་དགོས་པ་རེད་ཅེ་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་ལྟར་ན། དུས་ཐོག་ཏུ་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཐོན་ལས་དང་ཐོན་ལས་འབྲེལ་ཐག་ཏུ་དངོས་སུ་སྤྱོད་པ་དང་། སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་རིམ་སྤར་དང་། ཐོན་ལས་གསར་དར་སྐྱེད་སྲིང་རྒྱ་སྐྱེད། འབྱུང་འགྱུར་ཐོན་ལས་བཀོད་སྒྲིག་འཛུགས་སྐྱོང་བཅས་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཐུས་ཚང་དུ་གཏང་དགོས། ཐོན་ལས་འབྲེལ་ཐག་ཀྱང་ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་འཕེལ་རྒྱས་གཏོང་བར་དམིགས་ནས་བཀོད་དེ། ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་གི་མཉེན་ཤུགས་ཇེ་ཆེར་དང་ཉེན་མེད་ཆུ་ཚད་མཐོ་རུ་བཏང་ནས་ཐོན་ལས་མ་ལག་རང་རྐྱ་ཚོད་འཛིན་དང་ཉེན་མེད་གདེང་འཁེལ་ཡོང་བ་ཁག་ཐེག་བྱ་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཀྱང་བཟོ་ལས་ཅན་གསར་པར་སྐུལ་བ་དང་། བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་དང་སྤུས་ཚད་རྒྱལ་ཁབ་སྟོབས་ཆེན། དྲ་བ་རྒྱལ་ཁབ་སྟོབས་ཆེན། ཨང་ཀིའི་རྒྱལ་ཁབ་སྟོབས་ཆེན། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་བཅས་ཀྱི་འཐབ་ཇུས་ལས་འགན་ལ་དམིགས་ཏེ་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱ་དགོས། ཨང་ཀིའི་དཔལ་འབྱོར་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། ཨང་ཀིའི་དཔལ་འབྱོར་དང་དངོས་གཉེར་དཔལ་འབྱོར་ཟབ་འདྲེས་ཡོང་བར་བསྐུལ་ནས་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཡོད་པའི་ཨང་ཀིའི་ཐོན་ལས་ཚོགས་ཁྱུ་བསྐྲུན་དགོས།།

(སྐལ་བཟང་ཐུབ་བསྟན་གྱིས་བྲིས།)