国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་དོན་ཚོ་ཆུང་གིས་རང་ཁུལ་དུ་བརྟག་ཞིབ་ལས་དོན་སྤེལ།

སྤྱི་ཟླ5པའི་ཚེས16ནས་ཚེས18ཉིན་བར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་ཁྲིམས་སྲོལ་ཐོ་འགོད་སྙན་སེང་ཞིབ་བཤེར་ཁང་གི་ཀྲུའུ་རེན་ཡན་ཏུང་ཧྥུང་གིས་ལས་དོན་ཚོ་ཆུང་སྣེ་ཁྲིད་དེ་རང་ཁུལ་དུ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་གཙང་བཤེར་དང་ལག་བསྟར།དེ་བཞིན་ས་གནས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་སྙན་སེང་ཞིབ་བཤེར་ལས་དོན་ལ་བརྟག་ཞིབ་མཛུབ་ཁྲིད་བྱས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་ལས་དོན་སྙན་སེང་དང་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོར་ཉན་པ་རེད།

ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རེན་ཧྲུའུ་ཏ་ཁྲུན་བརྟག་ཞིབ་བྱེད་པར་ཞུགས་པར་མ་ཟད་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་དོན་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དབྱང་ཧོ་ལྷན་དུ་བརྟག་ཞིབ་ལ་ཞུགས་པ་རེད།

( པར་ངོས་གཉིས་པར་གཟིགས།)