国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱལ་ལམ318གྱི་འབའ་ཐང་རྫོང་མཚོ་ཕུ་ལུང་པའི་གཞུང་ལམ་དུ་འཁོར་གཏོང་སྒར་འདེབས་དུས་ཚིགས་ཀྱི་བྱེད་སྒོ་སྤེལ་འགོ་ཚུགས།

སྤྱི་ཟླ5པའི་ཚེས19ཉིན་གྱི་ཕྱི་དྲོར། འབའ་ཐང་རྫོང་གིས་སྤྱི་ཟླ5པའི་ཚེས19ཉིན་གྱི་རྒྱལ་ཡོངས་ཡུལ་སྐོར་ཉིན་མོའི་གཙོ་དོན་བྱེད་སྒོ་དང་རྒྱལ་ལམ318གྱི་ལམ་ཐིག་གི་འབའ་ཐང་མཚོ་ཕུ་ལུང་པའི་གཞུང་ལམ་དུ་འཁོར་གཏོང་སྒར་འདེབས་དུས་ཚིགས་ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་པའི་འཛད་སྒོ་དེ་མཚོ་ཕུ་ལུང་པའི་མཛེས་ལྗོངས་ཁུལ་དུ་སྤེལ་བ་རེད།

ཐེངས་འདིའི་བྱེད་སྒོར་མཛེས་ལྗོངས་ལ་ལྟད་མོ་ལྟ་བ་དང་འབའ་གཞས་འཆམ་པ་སོགས་རྣམ་པ་ཕུན་སུམ་ཚོགས་པའི་སྟོན་མོ་གཟབ་རྒྱས་ཀྱིས་རྒྱལ་ལམ318གྱི་འབའ་ཐང་མཚོ་ཕུ་ལུང་པའི་གཞུང་ལམ་དུ་འཁོར་གཏོང་སྒར་འདེབས་དུས་ཚིགས་ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོ་སྤེལ་ཡུལ་དུ་འཁོར་གཏོང་སྒར་འདེབས་དང་རིག་གནས་མྱོང་ཚོར། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཟས་མཆོག་གསོལ་སྟོན། བྲོ་གཞས་འཁྲབ་སྟོན་བཅས་ཁག་བཞིར་བགོས་ཡོད།བྱེད་སྒོ་སྤེལ་ཉིན་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཚང་མར་རིན་མེད་ངང་སྒོ་དབྱེ་ནས་ཉིན་དེར་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཆིག་སྟོང་ལས་བརྒལ་བ་རེད།

ཉེ་བའི་ལོ་ཤས་རིང་།འབའ

་ཐང་རྫོང་གིས་འབའ་གཞས་ཀྱི་ཆོལ་ཁ་ཞེས་པའི་རྒྱལ་ཁབ་རིམ་པའི་སྙན་གྲགས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་མཐུན་རྐྱེན་གང་ལེགས་བསྐྲུན་ཞིང་།སྣ་མང་གཞི་གཅིག་གི་ཡུལ་སྐོར་སྤྲོ་གསེང་གི་ཉམས་ཚོར་རྟེན་གཞི་གཏོད་པ་རེད། འཁོར་གཏོང་དང་སྒར་འདེབས།

གཟུགས་མེད་རིག་གནས་ཤུལ་བཞག།ཟས་མཆོག་སོགས་ཉམས་ལེན་ཡུལ་སྐོར་བྱེད་སྟངས་གསར་པ་བརྒྱུད་ནས་རང་ཁུལ་གྱི་རིག་གནས་ཡུལ་སྐོར་དང་སྐྱེ་ཁམས། རིག་གནས་ཡུལ་སྐོར་དང་གཟུགས་མེད་རིག་གནས་ཤུལ་བཞག།རིག་གནས་ཡུལ་སྐོར་དང་ཉོ་ཚོང་སོགས་ལས་རིགས་གསར་པ་ཕུན་སུམ་ཇེ་ཚོགས་དང་།ཡུལ་གྲོང་གི་ཡུལ་སྐོར་རིམ་སྤར་འཕེལ་རྒྱས་ལ་བསྐུལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་འཁོར་གཏོང་སྒར་འདེབས་དུས་ཚིགས་དེ་ད་ལོའི་སྤྱི་ཟླ5པ་ནས10པའི་བར་ཡིན་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)