国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཉེ་ཆར། སི་ཁྲོན་གཞུང་ལམ་ཚོགས་པའི་ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་སྤྱི་གཉེར་ཁང་ནས་ཤེས་རྟོགས་བྱུང་དོན། ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་མྱུར་བགྲོད་གཞུང་ལམ་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་གལ་ཆེན་སྟེ། རིང་ཚད་ལ་སྨི678ཡོད་པའི་གདན་ཐོག་ཟམ་ཆེན་གྱི་ལྕགས་སྒྲོམ་འདེགས་འདེད་བདེ་བླག་ངང་བསྐྲུན་ནས་ཟམ་པའི་སྟེང་ཕྱོགས་ཀྱི་གྲུབ་ཆའི་ཨར་ལས་དང་ལོ་འཁོར་གྱི་ལས་འགན་དམ་འཛིན་བྱ་བར་རྨང་གཞི་བརྟན་པོ་བཏིང་བ་རེད། ཟམ་པ་འདི་སྔོན་དཔག་བྱས་ན་འདི་ལོའི་ཟླ་བ11པར་བསྐྲུན་ཟིན་རྒྱུ་རེད།