( པར་ངོས་དང་པོར་མཐུད།)
ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཙེང་ཀོན་ཧོ་ལྷན་དུ་བརྟག་ཞིབ་ལ་ཞུགས་ཤིང་བཞུགས་མོལ་ཚོགས་འདུར་རང་ཁུལ་གྱི་ཐོ་འགོད་ཞིབ་བཤེར་སྤེལ་ཚུལ་སྙན་སེང་ཞུ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ།ཁུལ་སྤྱི་བདེ་ཅུས་ཀྱི་འགོ་འཛིན་ཀྲུང་ཁོ་བཞུགས་མོལ་ནང་ཞུགས་པས་མ་ཚད། ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ལས་དོན་སྙན་སེང་ཞུས་པ་རེད།
ཡན་ཏུང་ཧྥུང་དང་བཅས་པ་སྔ་ཕྱིར་ལྕགས་ཟམ་རྫོང་དང་དར་མདོ་གྲོང་ཁྱེར་གྱི་ཡུལ་གྲོང་དང་རང་བྱུང་སྲུང་སྐྱོང་ཁུལ།ལས་གཞི་གལ་ཆེན་འཛུགས་སྐྲུན་བྱ་ཡུལ་ཁག་གཅིག་ཏུ་སོང་ནས་གནས་ཚུལ་དངོས་ལ་ལྟ་ཞིབ་དང་། མང་ཚོགས་ལ་འཚམས་འདྲི། དམངས་ཀྱི་སྐད་ཆར་ཉན་པ་བཅས་བྱས་ཏེ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དང་རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས།འབྲི་ཆུ་སྲུང་སྐྱོང་བཅའ་ཁྲིམས་བཅས་རང་ཁུལ་དུ་ལག་ལེན་བསྟར་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། རྫོང་དང་ཡུལ་ཤོག་རིམ་པ་གཉིས་ཀྱི་མི་དམངས་འཐུས་ཚོགས་ཀྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་སྙན་སེང་ཞིབ་བཤེར་ལས་དོན་སྤེལ་ཚུལ་ལ་ཞིབ་བཤེར་ཞིབ་ཕྲ་བྱས་པར་མ་ཟད། ཡུལ་དངོས་སུ་ཞན་ཆར་ཞིབ་བཤེར་དང་ཐག་གཅོད་བྱ་ཐབས་བཏོན་ཞིང་ལས་ཀར་ཁྲིད་སྟོན་བྱས་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་ཡན་ཏུང་ཧྥུང་དང་བཅས་པས་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཁུལ་མི་དམངས་སྲིད་གཞུང་།འབྲེལ་ཡོད་ཁུལ་རིམ་པའི་སྡེ་ཚན། དར་མདོ་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ལྕགས་ཟམ་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་དང་། དེ་བཞིན་ཡུལ་གྲོང་དམངས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་གསུམ་གྱི་ལས་དོན་སྙན་སེང་དང་གཏམ་བཤད་ལ་ཉན་པ་དང་། ཚོགས་འདུར་ཞུགས་མཁན་རྣམས་དང་སྤྲོ་སེམས་འཁོལ་བའི་ངང་གླེང་མོལ་དང་བསམ་འཆར་སྤེལ་རེས་བྱས་པར་མ་ཟད། ཞིབ་ཕྲའི་གནད་དོན་ཐད་ཡུལ་དངོས་སུ་ལན་འདེབས་དང་ལས་སྒོའི་ཁྲིད་སྟོན་ཡང་བྱས་པ་རེད།
ཡན་ཏུང་ཧྥུང་གིས་རང་ཁུལ་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་དང་ཞིབ་བཤེར།དེ་བཞིན་ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཤིང་།ཕྱོགས་མི་ཉུང་བ་ཞིག་གི་ཐད་ལས་ཀའི་མདུན་གྲལ་དུ་བསྐྱོད་པ་དང་། གྲུབ་འབྲས་ཅུང་ལེགས་པོ་ཐོབ་པ། ཉམས་མྱོང་ཡག་པོ་ཆགས་པ། ལས་ཀའི་རྣམ་པ་ལུགས་དང་མཐུན་པ་བཅས་ངོས་འཛིན་ལེགས་པོ་བྱས་པ་དང་། ཁོང་གིས་ཚོགས་འདུར་ཞུགས་མཁན་མི་སྣས་ངོ་སྤྲོད་བྱས་པའི་ལས་ཀའི་གནས་ཚུལ་དང་བསམ་འཆར།གྲོས་འགོ་གསེད་བཀྲོལ་ནན་ཏན་ངང་བསྡུ་ལེན་གང་ལེགས་བྱས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་ཕྱོགས་ལ་ད་ཐེངས་ཀྱི་བརྟག་ཞིབ་དང་ཤེས་རྟོགས་བྱུང་བའི་གནས་ཚུལ་སོགས་ཡག་པོ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
ཧྲུའུ་ཏ་ཁྲུན་གྱིས་དཀར་མཛེས་ཁུལ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་བཙུགས་པའི་ས་ཁུལ་རིམ་པའི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་དང་པོ་དེ་ཡིན་པ་དང་།རྒྱལ་ཡོངས་ཀྱི་བོད་འབྲེལ་ས་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་དང་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ལྟེ་བའི་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་།ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་སྙན་སེང་ཞིབ་བཤེར་དང་ས་གནས་ཁྲིམས་འཛུགས་ལས་དོན་འགན་འཁྲི་ལྗིད་ཅིང་གལ་ཆེན་ལ། ལས་འགན་གཟི་བརྗིད་ལྡན་ལ་དཀའ་ཚེགས་ཆེ་བ་དང་།ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་དང་། འགན་འཁྲི་འཁུར་སེམས་དང་བྱ་གཞག་སྒྲུབ་སེམས། ཁ་ཚ་དགོས་གཏུག་གི་བསམ་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་།བསམ་བློའི་ངོས་འཛིན་སླར་ཡང་ཟབ་ཏུ་གཏོང་བ། སྟོབས་ཤུགས་འགན་ལེན་སླར་ཡང་ཤུགས་ཆེ་རུ་གཏོང་བ། ལས་དོན་དོན་འཁྱོལ་སླར་ཡང་ལེགས་སུ་གཏོང་བ་བཅས་བྱས་ཏེ་ལས་ཀ་ཁག་ཡག་པོ་སྒྲུབ་པར་འབད་བརྩོན་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཆང་བ་གཙོ་རྐང་དུ་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་དང་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་ཧུར་ཐག་བརྒྱབ་སྟེ་མཐུན་སྒྲིལ་འབྱོར་ཕྱུག་དང་འཆམ་མཐུན་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱ་བར་ཤུགས་བརྒྱབ་ནས་“ལོ་བརྒྱའི་འབད་འཐབ་དམིགས་ཚད”གཉིས་པ་མངོན་འགྱུར་ཡོང་ཆེད་དཀར་མཛེས་ཁུལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བཤད་པ་རེད།།