国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེར་ཤུལ་རྫོང་ཨུའི་སྒྲོག་འགྲེལ་ཚོགས་པ་དབྱར་རྩྭ་དགུན་འབུ་རྐོ་སར་བསྐྱོད་ནས་སྒྲོག་འགྲེལ་བྱེད་སྒོ་སྤེལ།

ཉེ་ཆར།སེར་ཤུལ་རྫོང་ཨུའི་སྒྲོག་འགྲེལ་ཚོགས་པ་བཙན་མདའ་ཡུལ་ཤོག་གི་དབྱར་རྩྭ་དགུན་འབུ་རྐོ་སར་བསྐྱོད་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་དང་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཚོས་བོད་རྒྱའི་སྐད་གཉིས་ཀྱི་ལམ་ནས་ཞིང་འབྲོག་མང་ཚོགས་ལ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་དང་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན། 《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཤེས་དཔལ་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》སོགས་གཙོ་གནད་ནང་དོན་ལ་གསལ་བཤད་ཞིབ་ཚགས་བྱས་པ་དང་། ཞིང་འབྲོག་མང་ཚོགས་ལ་དབྱར་རྩྭ་དགུན་འབུ་རྐོ་སྐབས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་འགོག། བཟའ་བཅའ་བདེ་འཇགས། ཐོག་དང་ཆུ་ལོག་འགོག་པ་སོགས་དོ་སྣང་བྱ་དགོས་པའི་དོན་ཚན་གསལ་བཤད་ཞིབ་ཕྲ་བྱས་ཡོད་པ་དང་། ཁྱོན་ཞིང་འབྲོག་མང་ཚོགས500ལྷག་སྒྲོག་འགྲེལ་བྱེད་སྒོར་ཞུགས་པ་རེད།།

( ལས་ཞོར་གསར་འགོད་པ་མེ་ཏོག་གིས་བྲིས།)