སྤྱི་ཟླ5པའི་ཚེས24ཉིན། དཀར་མཛེས་ཁུལ་སློབ་གསོ་ལུས་རྩལ་ཅུས་ཀྱིས་གཙོ་སྒྲུབ་བྱས་ཤིང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་སྒྲུབ་འགན་ཁུར་བ་དང་། དཀར་མཛེས་ཁུལ་ལས་རིགས་སློབ་གླིང་། དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། དཀར་མཛེས་ཁུལ་འཕྲོད་བསྟེན་སློབ་གྲྭ། ཁམས་ལྷོ་མཐོ་འབྲིང་། ཁམས་བྱང་མཐོ་འབྲིང་བཅས་ཀྱིས་རོགས་སྒྲུབ་བྱས་པའི2024ལོའི་དཀར་མཛེས་ཁུལ་ལས་རིགས་སློབ་གསོའི་བྱེད་སྒོ་གཟའ་འཁོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སྤེལ་བ་རེད།
སློབ་གྲྭའི་དངོས་སྦྱོང་ཐོག་ཁང་གི་ཐོག་རྩེག་དང་པོ་དང་གཉིས་པ། གསུམ་པ། བཞི་པ་བཅས་སུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་མི་རིགས་མཛེས་རྩལ་ཆེད་སྦྱོང་གྲུབ་འབྲས་འགྲེམ་སྟོན་དང་། ཞིང་ཆེན་རིམ་པའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་སློབ་གྲྭ་དང་ཁེ་ལས་མཉམ་ལས་གྲུབ་འབྲས་འགྲེམ་སྟོན་དང་། ཡུལ་སྐོར་ཞབས་ཞུ་དང་དོ་དམ་ཆེད་ལས་གྲུབ་འབྲས་འགྲེམ་སྟོན། མཚན་ལྡན་དགེ་རྒན་གྱི་ལས་དོན་ཁང་གི་གྲུབ་འབྲས་འགྲེམ་སྟོན། བོད་སྨན་སྨན་བཅོས་དང་བོད་སྨན་ཆེད་ལས་གྲུབ་འབྲས་འགྲེམ་སྟོན་བཅས་བྱས། སློབ་གྲྭའི་ལུས་རྩལ་ཐང་ཆེན་དུ་དཀར་མཛེས་ལས་རིགས་སློབ་གླིང་གིས་ཀྲུང་གོའི་རི་མོ་དང་། ཡིག་རིས། ལག་རྩལ། གུས་ལུགས་འགྲེམ་སྟོན། ཐད་གཏོང་གློག་རྡུལ་ཚོང་དོན། སྨན་ཞབས་པའི་ལག་རྩལ་བཅས་ཀྱི་འགྲེམ་སྟོན་བྱས་ཤིང་། དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་མཛེས་རྩལ་བརྩམས་ཆོས་དང་ཚད་འཇལ་རྩལ་ནུས། པར་ལེན་བརྩམས་ཆོས་བཅས་འགྲེམ་སྟོན་བྱས། དཀར་མཛེས་འཕྲོད་བསྟེན་སློབ་གྲྭས་སྙིང་གློ་སླར་གསོ་དངAEDབེད་སྤྱོད། སྨན་ཁང་མདུན་གྱི་མྱུར་སྐྱོབ་བཅས་ཀྱི་འགྲེམ་སྟོན་བྱས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བོད་ཡིག་ཡིག་གཟུགས་བརྩམས་ཆོས་དང་། ཐང་གའི་རི་མོ། སྐྱ་བྲིས། པར་ལེན་བརྩམས་ཆོས། རིག་གནས་གསར་གཏོད་ཐོན་རྫས། བོད་ལུགས་གསོ་རིག་ནུས་རྩལ། ཡུལ་སྐོར་ལྗོངས་ཁུལ་གྱི་འགྲེལ་བཤད་བཅས་འགྲེམ་སྟོན་བྱས་ཡོད་པ་རེད།
( འདི་གའི་གསར་འགོད་པས་བྲིས་ཤིང་པར་བླངས།)