国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མེ་ཏོག་གིས་ཀུན་ནས་བརྒྱན་པའི་བརྒྱད་ཟིལ་ལུང་པ།

བརྒྱད་ཟིལ་རྫོང་ལ་སྟག་མའི་མེ་ཏོག་གི་ཕ་ཡུལ་ཞེས་པའི་མཚན་སྙན་ཡོད་ལ། ལོ་རེ་རེའི་སྤྱི་ཟླ5པ་ནས་བརྒྱད་ཟིལ་གྱི་གནམ་གཤིས་ཇེ་དྲོར་སོང་བ་དང་།རི་ལུང་ཀུན་ཏུ་སྟག་མ་དང་སུ་རུའི་མེ་ཏོག་བཞད་ཅིང་ཚོན་མདངས་རྣམ་པར་བཀྲ་བའི་མཛེས་རིས་ཤིག་ཏུ་གྲུབ་སྟེ། རི་ཆུར་སྔོ་ལྗང་གི་གོས་བཟང་བཀླུབས་ནས་རང་བྱུང་ཁམས་ལ་གསོན་ཤུགས་དང་སྤྲོ་སྣང་སྟེར་ཞིང་། མཛེས་སྡུག་གིས་ཡོངས་སུ་བཏུམས་པའི་བརྒྱད་ཟིལ་རྫོང་ནི་དེ་བས་ཀྱང་ཡིད་དབང་འཕྲོག་པར་གྱུར།