国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་ཆེད་དོན་སློབ་སྦྱོང(རྒྱས་འཛོམས)ཚོགས་འདུ་འཚོགས།

སྤྱི་ཟླ5པའི་ཚེས27ཉིན།ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་ཆེད་དོན་སློབ་སྦྱོང(རྒྱས་འཛོམས)ཚོགས་འདུ་དར་མདོར་འཚོགས་ཏེ་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་བྱས་པ་དང་།ཆབ་སྲིད་སྒྲིག་ཁྲིམས་དང་རྩ་འཛུགས་སྒྲིག་ཁྲིམས་ལ་དམིགས་ནས་སློབ་སྦྱོང་དང་བགྲོ་གླེང་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་དང་གསུང་བཤད་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ལི་ཅུན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཆབ་སྲིད་ཁྲིམས་ལུགས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཐུང་རུང་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུ་མ་འཚོག་གོང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་ཁོངས་མིས་སློབ་སྦྱོང་གི་གཙོ་དོན་ལ་དམིགས་ནས་རང་སྦྱོང་བྱས་པ་དང་། བསམ་བློ་དང་ལས་དོན་དངོས་ཟུང་འབྲེལ་བྱས་ནས་གཏམ་བཤད་ཀྱི་ཡིག་རིགས་བྲིས་པ་རེད། ཚོགས་འདུའི་ཐོག་ཏེང་ལི་ཅུན་དང་མ་ཁྲང་ཞིན། ཅིན་ཝུའུ། ཡོན་མིང་ཀོང་། སྐལ་བཟང་གཡུང་དྲུང་སོགས་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་ཁོངས་མི་ཚོས་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་བྱས་ཤིང་། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་སྒོ་ཀུན་ནས་ཤུགས་སྣོན་རྒྱུ་དང་། ཏང་གི་སྒྲིག་ཁྲིམས་ནན་དུ་གཏང་རྒྱུ་ནི་ང་ཚོའི་ཏང་གིས་རང་ངོས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱུན་ཆད་མེད་པར་འཕེལ་རྒྱས་སྟོབས་ཆེར་འགྲོ་བའི་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ཞིག་ཡིན་པ་དང་།ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་གྱི་འགན་ལེན་ནུས་ལྡན་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་རྩ་བའི་ཐབས་ཇུས་ཤིག་ཀྱང་ཡིན་པ་ཚང་མར་ངོས་འཛིན་གཅིག་མཐུན་བྱུང་ཡོད། ཚང་མས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་པའི་གལ་ཆེའི་རང་བཞིན་དང་། ཏང་གི་སྒྲིག་ཁྲིམས་སྣང་མེད་དུ་གཏོང་བ།ཏང་གི་སྒྲིག་ཁྲིམས་ལས་འགལ་བ་སོགས་ཀྱི་གནད་དོན་གྱི་གནོད་སྐྱོན་རང་བཞིན་ལ་ངོས་འཛིན་སྔར་བས་གཏིང་ཟབ་བླངས་ཏེ།“སྒྲིག་སྦྱོང་དང་སྒྲིག་ཤེས། སྒྲིག་གསལ། སྒྲིག་སྲུང་”བཅས་ཀྱི་མིག་དཔེ་ཡག་པོ་བྱས་ཏེ་རང་དཔེ་གཞན་སྟོན་གྱིས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་མི་ལས་བྱེད་པར་བློ་དཀར་བ་དང་འགན་འཁུར་བ།སྒྲིག་ཁྲིམས་ནན་སྲུང་། སྤྱོད་ཚུལ་བཟང་པོ་བཅས་སློབ་སྦྱོང་བྱེད་པར་བསྐུལ་ཏེ་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྒྲིག་ཁྲིམས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱ་དགོས་ཞེས་བཤད་པ་རེད།

ཧྲེན་དབྱང་གིས་སློབ་སྦྱོང་གི་མྱོང་ཚོར་མཉམ་སྤྱོད་གནང་སྐབས་གསུངས་དོན། གཅིག་ནས་ཆབ་སྲིད་སྒྲིག་ཁྲིམས་དང་རྩ་འཛུགས་སྒྲིག་ཁྲིམས་ནི་ཏང་གི“སྒྲིག་ཁྲིམས་ཆེ་གྲས་དྲུག་གི”ནང་དོན་གལ་ཆེན་ཞིག་ཡིན་པ་དང་།ཏང་གི་མཐུན་སྒྲིལ་དང་གཅིག་གྱུར། ལས་ཆོད་ཆེ་བའི་ལས་ཀའི་ལམ་སྲོལ་བཅས་ཐུན་མོང་ཐོག་འགན་ལེན་བྱས་ཡོད། གཉིས་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནི་ཆེས་གལ་ཆེ་བ་དང་ཆེས་རྩ་བ། ཆེས་གནད་འགག་གི་སྒྲིག་ཁྲིམས་ཤིག་ཡིན། གསུམ་ནས་ཏང་གི་སྟོབས་ཤུགས་ནི་རྩ་འཛུགས་ལས་བྱུང་བ་དང་།རྩ་འཛུགས་ཀྱིས་སྟོབས་ཤུགས་ལྡབ་འཕར་བྱེད་ཐུབ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་ནན་པོ་ནི་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་བཟང་དང་དམིགས་བསལ་གྱི་ཆབ་སྲིད་ལེགས་ཆ་ཞིག་ཡིན།

ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)